ཁྲིམས་བཤེར།

“སྐུ་ཞབས་ནོ་བིས་ཡིས་ཐེར་འདོན་གནང་བ་ལྟར་ན་ཡཱན་པ་ལ་ཁའི་སྐོར་གྱི་གནས་ཚུལ་མི་དམངས་ལ་ར་སྤྲོད་དྲང་པོ་བྱས་པའི་རྒྱུ་མཚན་གཙོ་བོ་ནི་ཆབ་སྲིད་ཀྱི་དགོས་མཁོ་ལ་ཐུག་ཡོད་པ་དང། དེས་དྲང་བདེན་གྱི་འབོད་སྒྲ་སྒྲོག་མཁན་རྣམས་ཀྱི་ཁ་གཏད་གཅོག་ཐུབ་པ་མ་ཟད་གནས་ཚུལ་རྣམས་གསར་ལམ་དུ་མི་ཁྱབ་བའི་ཁེ་ཕན་ཡོད་པས་སོ།”

སྤྱི་ལོ་༡༩༦༩ལོའི་ཟླ་བ་༢པའི་ཚེས་༣ཉིན་ཅེག་སི་ལོ་ཝ་ཀི་ཡའི་ནང་གི་USSR ཡི་གཞུང་ཚབ་s. v. Chervonenko དང་ KSČ དབུས་ལྷན་ཚོགས་ཀྱི་འཐུས་མི་Vilém Novýགཉིས་ཀྱི་དབར་བཅར་འདྲི་བྱས་པའི་ཆེས་གསང་བའི་སྒྲ་ཕབ་ལས།

ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཐད་ལ་མཁྲེག་འཛིན་ཅན་གྱི་སྲིད་དོན་ཚོགས་པས་ས་སྒྲོག་གནམ་སྒྲོག་གིས་བསྙོན་འཛུགས་བྱས་པ་དང། དམིགས་བསལ་ལི་བྷེ་ཉ་(Libeňཔ་རཱག་གི་ནང་གི་རྫོང་ཞིག)ནང་KSČཡི་ལྟ་གྲུབ་འཛིན་མཁན་གྱི་ཚོགས་མི་ཚོས་ཁ་ངན་ཚིག་རྩུབ་གང་ཐུབ་བྱས། ཝི་ལེམ་ནོ་ཝི་(Vilém Nový)དང་། སྤྱི་འཐུས་དང་དབུས་KSCལྷན་ཚོགས་བཅས་ནི་ལོག་སྨྲ་འཁྱོག་བཤད་བྱེད་མཁན་གཙོ་བོ་དེ་ཆགས་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཟླ་མཇུག་ལ་སྐུ་ཞབས་ནོ་བིས་“གྲང་ངར་གྱི་མེ་ལྕེ”ཞེས་པའི་རྣམ་གཞག་དེ་ཕྱི་གླིང་AFPགསར་ཁང་གིས་ཁོང་ལ་བཅར་འདྲི་ཞིག་གི་ནང་དུ་ངོ་སྤྲོད་བྱས་ཡོད། ཁོང་གིས་འདོད་པ་ལྟར་ན་ཡཱན་པ་ལ་ཁ་ཡིས་གཤེར་ཁུ་དེ་མེ་འབར་རུང་ཡིན་པ་དང་དེས་ཁོང་ཉིད་འཚིག་གི་མེད་པ་ཤེས་དགོས་(དོན་དངོས་ལ་དེ་ལྟ་བུའི་རྫས་སྦྱོར་ཞིག་མེད་མོད།)། འོན་ཀྱང་ཁོང་གིས་གཡོ་རྫུན་གྱི་སྒོ་ནས་རང་ཤི་རྒྱག་རྩིས་བྱས་པ་དེ་ལམ་ལྷོངས་མ་བྱུང་ནས་ཁོ་རང་ཚིག་པ་རེད། དེ་འཐབ་ཕྱོགས་གཅིག་གྱུར་ཤོག་ཁག་གི་རྩོམ་པ་པོ་དང་གསར་འགོད་པ་ཚོས་བདེན་པ་ལ་འཁྱོག་བཤད་བྱས་པ་རེད། ཅེས་བརྗོད་ཡོད། ཡང་ཁོང་གིས་སྤྱི་ལོ་༡༩༦༩ལོའི་ཟླ་བ་༢པའི་ཚེས་༢༠ཉིན་ཅེ་སི་ཀ་ལི་པ་(Česká Lípa)ནང་གི་མིར་ཀུར་(Merkur)གསོལ་མགྲོལ་ཁང་དུ་མང་ཚོགས་དང། སྤྱི་འཐུས། འོས་འཕེན་པ་བཅས་ཀྱི་འདུ་ཚོགས་སར་གྲང་ངར་གྱི་མེ་ལྕེ་ཞེས་པའི་སྐོར་བསྐྱར་དུ་བསྒྲགས་ཡོད། སྐབས་འདིའི་ནང་ཁོང་གིས་ཡཱན་པ་ལ་ཁའི་བྱ་སྤྱོད་ཐད་ལ་ངེས་པར་དུ་སྐད་ཆ་བཤད་དགོས་མཁན་གྱི་མི་རྣམས་ཀྱི་མིང་ཐེར་འདོན་བྱས་ཡོད་པ་རྣམས་ནི། ཝི་ལ་དྷི་མིར་ཤི་ཀུ་ཀྱི་ན་Vladimír Škutina དང་པ་ཝེལ་ ཀོ་ཧོའུ་ཏ་ Pavel Kohout (རྩོམ་པ་པོ།) ལུ་བྷོ་མིར་ཧོ་ལེ་ཅེག་Lubomír Holeček (སློབ་གཉེར་བའི་མགྲིན་ཚབ་པ།) ཨེ་མིལ་ ཛཱ་ཏོ་པེག་Emil Zátopek(རྩེད་འགྲན་པ།) ལུ་དྷེག པ་ཁ་མཱན་ Luděk Pachman (མིག་མང་རྩེད་འགྲན་པ།) ཅེག་སི་ལོ་ཝ་ཀི་ཡའི་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞིག་གི་ནང་Holečekཡིས་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལ་རྗེས་སུ་ཡི་རངས་བྱས་པ་བརྟེན་དེ་ལ་ཆེད་དུ་དགྲ་ཤ་ལེན་གི་ཡོད་པ་དང་གཅིག་མཚུངས་རེད། ཁོང་གིས་སྐད་ཆའི་ནང་དུ་ཡཱན་པ་ལ་ཁ་ལ་གུས་བཀུར་ཚད་མེད་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང། དེ་དང་ཆབ་ཅིག་ཡཱན་པ་ལ་ཁའི་རྗེས་འཇུག་པ་རྣམས་ཀྱི་སེམས་ཤུགས་གཅོག་བཞིན་མཆིས། སྤྱི་ལོ་༡༩༦༩ལོའི་ཟླ་བ་༣པའི་ནང་ཉེས་འཛུགས་བྱས་པའི་མི་ལྔ་པོ་དེ་དག་གིས་སྒེར་པའི་རང་དབང་ལ་སྲུང་སྐྱོབས་དགོས་སྐོར་ཞི་བའི་སྙན་གསེང་ཞུས། དེར་བརྟེན་ལི་བྷུ་ཤེ་ པ་ལ་ཁོ་བ་(Libuše Palachova) ཡིས་ཌོ་དྷག་མར་བྷུ་རེ་ཤོ་ཝ་(JUDr. Dagmar Burešová)ལ་མོ་རང་གི་ཁྲིམས་དོན་སློབ་སྟོན་པ་གནང་རོགས་ཞེས་ཞུས། ཡཱན་པ་ལ་ཁའི་ཨ་མའི་གཏམ་བརྗོད་ཀྱི་བློ་སྐྱེད་ལ་བརྟེན་ནས་ཅེག་ལེ་ཚན་བརྙན་འཕྲིན་ཁང་གིས་”འཚིག་བཞིན་པའི་ཤིང་ཕྲན།”ཞེས་པ་དེ་ལེགས་འགྲུབ་བྱུང།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༥པའི་ཚེས་༢༠ལ་གྱོད་དོན་འདི་དག་གི་ཆེད་དུ་མཉམ་མཐུད་ཁྲིམས་རྭ་ཞིག་འཚོགས་རྒྱུ་གཏན་འབེབས་བྱས། སྐུ་ཞབས་ནོ་བིས་ཁྲིམས་ཞིབ་ལ་གཡོལ་ཐབས་སུ་ཁྲིམས་སར་འབྱོར་དགོས་པའི་བཀའ་རྒྱ་བཏང་ཡང་བདུན་ཕྲག་ཁ་ཤས་རིང་མ་འབྱོར། ཁོང་གིས་ཁྲིམས་ཀྱི་མདུན་སར་ཞུ་གཏུགས་བྱས་པ་དེ་ནི་“ལས་སྣེ་བ་རྣམས་པས་གུས་བཀུར་ཚད་མེད་བྱེད་སའི་KSČཚོགས་པ་དང། USSRཡི་མཐུན་ཕྱོགས་ཤོག་ཁག་དང་། སྤྱི་ཚོགས་རིང་ལུགས་བཅས་དཀྲོག་གཏམ་བཟོས་ནས་མེད་པ་བཟོ་རྒྱུའི”དམིགས་ཡུལ་བཅངས་སྟེ་མིང་ཤས་བཟོ་རྒྱུའི་ལས་འགུལ་སྤེལ་བའི་མཇུག་འབྲས་ཤིག་ཡིན་པར་འདོད། མ་ཟད་ཁོས་གྱོད་གཞི་འདིའི་གཞི་རྩ་ཐུག་ས་ནི་གསར་འགོད་པ་ཚོས་གནས་ཚུལ་བཀོད་པ་རྣམས་ཡིན་ཞིང་དེ་ནི་ཁོང་གིས་བཤད་པའི་སྐད་ཆ་རྣམས་འཁྱོག་བཤད་རྐྱང་རྐྱང་བྱས་ཡོད་པར་འདོད། གཞན་ཡང་ཁོས་རང་ཉིད་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ཁྲིམས་ལུགས་ཀྱི་ཆག་ཡང་ཡོད་པར་བརྟེན་ཁྲིམས་ཐོག་གི་གྱོད་ཞིབ་འདི་ལས་ དམིགས་བསལ་བཀའ་འཁྲོལ་དགོས་ཚུལ་བརྗོད། ཁྲིམས་གཏུག་བྱེད་མཁན་གྱི་སློབ་སྟོན་པ་ཚོས་ཅེག་སི་ལོ་ཝ་ཀི་ཡའི་ཆེས་མཐོའི་ཁྲིམས་ཁང་གི་དབང་བསྒྱུར་འོག་མི་བུ་སྒེར་གྱི་རང་དབང་སྲུང་སྐྱོབས་ཆེད་དམངས་གྱོད་གཏུག་བཤེར་གྱི་ཐག་གཅོད་ནི་ཁྲིམས་ཁང་ཁོ་ན་ལས་གཞན་དབང་ཆ་མེད་ཚུལ་གྱིས་ངོ་རྒོལ་བྱས།

>>>

སོ་ཝི་ཊིས་དབང་བསྒྱུར་བྱས་ནས་ལོ་གཅིག་གི་རྗེས་ཏེ། སྤྱི་ལོ་༡༩༦༩ལོའི་དབྱར་དུས་སུ་ཆབ་སྲིད་ཀྱི་གནས་སྟངས་ཇེ་སྡུག་ཏུ་གྱུར། པ་རཱག་དང་། བེར་ནོ། ལི་བི་རིས། སྦར་ཏིས་ཝར་བཅས་ཀྱི་ནང་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་རྣམས་ལ་ཡ་ང་སྙིང་རྗེ་མེད་པར་བཙན་གནོན་བྱེད་རྐྱང་བྱས།

དུས་ཡུན་རིང་པོ་མ་ཕྱིན་པར་མངའ་སྡེའི་བདེ་སྲུང་མི་སྣས་བཙན་འཛུལ་དང་ཆབ་སྲིད་པ་རྣམས་ལ་དམིགས་བསལ་ཁེ་དབང་སྤྲད་པར་སྐྱོན་བརྗོད་ཀྱི་“རྩ་དོན་བཅུ་”ཞེས་པའི་སྙན་ཞུ་འབུལ་མཁན་གྱི་རྩོམ་པ་པོ་དང་ས་རྟགས་བཀོད་མཁན་རྣམས་དམ་དྲག་བྱེད་འགོ་བརྩམས། སྙན་ཞུ་དེ་ནི་ལུ་གྱེག་པག་མཱན(Luděk Pachman)གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་ཁོང་ནི་ལོ་རྒྱུས་སྨྲ་བ་ཡཱན་ཏེ་སར་(Jan Tesař)དང་སྤྱི་ཚོགས་ཚན་རིག་པ་རུའུ་ཌོལ་ཧྥ་སྦ་ཏྲེག་(Rudolf Battěk)གཉིས་དང་ལྷན་དུ་འཛིན་བཟུང་བྱས། འོན་ཀྱང་ཁོང་གསུམ་པོ་ཞུ་གཏུག་བྱས་མ་དགོས་པར་ཟླ་བ་བཅུའི་རྗེས་གློད་གྲོལ་བཏང་། ནོ་བིས་ལ་གཏུགས་བཤེར་བྱས་པ་དེས་ཁྲིམས་ཁང་དོ་དམ་པས་པེག་མེན་ལ་ལག་ལྕགས་བརྒྱབ་ནས་འཁྲིད་བསླེབས་པ་དང་། ཁོང་ཉིད་ཆབ་སྲིད་བཙོན་པ་ཞིག་ཡིན་ནའང་ཁོས་ཁྲིམས་གཉེར་ཞུ་ཡིག་ལས་ཕྱིར་འཐེན་རྩ་བ་ནས་མ་བྱས་(ཨི་མེལ་ཛཱ་ཏོ་པེག་Emil Zátopekདང་གཏན་ནས་མི་འདྲ། ཁོས་འགྱོད་བཤགས་བྱེད་བཞིན་ཁྲིམས་ཁང་ནང་དུ་རང་གི་ཞུ་ཡིག་ཕྱིར་འཐེན་བྱས་ཡོད་པ་རེད།)

སྐུ་ཞབས་ནོ་བིས་ཁྲིམས་ལུགས་དབང་ཚད་ཀྱི་ཁྱབ་ཁོངས་བརྗེ་རྒྱུར་འབད་བརྩོན་བྱེད་བཞིན་པ་དང། ཁོང་གིས་ཁྲིམས་བཤེར་དེ་པ་རཱག་(Prague)ནང་འཚོགས་རྒྱུའི་ཚབ་ལ་ཅེ་སི་ཀ་ལི་པ(Česká Lípa)པའི་ཁྲིམས་ཁང་དུ་ཕྱིར་སྤོས་ཏེ་འཚོགས་འདོད་བྱེད་བཞིན་པ་དེར་ཞུ་གཏུགས་པའི་ཁྲིམས་སྟོན་པ་རྣམས་ཀྱིས་དེ་ལ་འགོག་རྒོལ་བྱས་ཡོད། རྒྱུ་མཚན་ནི་ཁྲིམས་ཁང་དེས་ཁོ་རང་ས་གནས་དེ་གའི་སྤྱི་འཐུས་ཤིག་ཡིན་པས་ཆ་ནས་དབྱེ་འབྱེད་བྱེད་སྲིད་པའི་རྐྱེན་གྱིས་རེད།

>>>

སྤྱི་ལོ་༡༩༦༩ལོའི་ཟླ་བ་༢པའི་ནང་ཅེ་སི་ཀ་ལི་པ་རུ་མི་དམངས་ཀྱི་ཚོགས་འདུའི་ནང་དུ་དཔང་པོ་རྣམས་མཉམ་ཞུགས་བྱས་ཡོད་པར་ཁྲིམས་ཁང་གིས་གོ་ཐོས་བྱུང་འདུག། དེ་ཇི་ལྟར་ཤེས་རྟོགས་བྱུང་བ་ཡིན་ནམ་ཞེ་ན་ཚོགས་འདུ་དེའི་རྒྱུ་རྐྱེན་རྣམས་སྒྲ་འཇུག་བྱས་པ་དེ་རྙེད་སོན་བྱུང་ཡོད།

སྒྲ་འཇུག་འཁོར་ཐག་དེའི་ནང་དུ་ནོ་བིས་ཀྱི་དམའ་འབེབ་ཀྱི་བསྒྲག་གཏམ་རྣམས་གསལ་པོ་འཁོད་ཡོད་ཀྱང་མཐར་ཞུ་གཏུག་བྱེད་མཁན་རྣམས་ཕམ་ཉེས་སུ་གྱུར། སྤྱི་ལོ་༡༩༧༠ལོའི་ཟླ་བ་༧པའི་ཚེས་༣༠ལ་གཙོ་སྐྱོང་ཁྲིམས་དཔོན་JUDr. Jarmila Ortová ལགས་ཀྱིས་གཏམ་བཤད་ཅིག་གནང་བའི་ནང་བཀའ་ཁྲིམས་དྲང་པོ་ཞེས་པ་དེ་དབང་ཆ་ཡོད་མེད་ལ་ཐུག་འདུག་ཅེས་གསུངས། ཁོ་མོས་སྐུ་ཞབས་ནོ་བིས་ཀྱི་བྱ་སྤྱོད་ལ་ངོས་ལེན་མེད་ཁར་ཡཱན་པ་ལ་ཁ་ལ་དམའ་འབེབས་བྱེད་རྒྱུའི་ཐོབ་ཐང་མེད་པ་མ་ཟད་ཁོང་ཉིད་ལ་བཀའ་དྲིན་བསམ་ཤེས་བྱེད་དགོས་ཚུལ་བརྗོད་ཡོད། ཁྲིམས་གཏུག་བྱེད་མཁན་རྣམས་ཀྱིས་གྱོད་ཞིབ་དང་འབྲེལ་བའི་འགྲོ་གྲོན་ཆ་ཚང་གཏོང་དགོས་ཐུག་ཡོད་པ་མ་ཟད་ཁོང་ཚོ་ལ་སྤྱི་ཚོགས་རིང་ལུགས་ཀྱི་དགྲ་བོ་རེད་ཅེས་བརྗོད་ཡོད་དོ།།

>>>