ཡཱན་པ་ལ་ཁའི་བདུན་ཚིགས།

“ཁོང་ཉིད་འདས་གྲོངས་སུ་གྱུར་པ་རེད། རྒྱུ་མཚན་ནི་ཁོང་གིས་འབོད་སྒྲ་དེ་ཆེས་ཆེར་དུ་སྒྲོག་འདོད་པས་སོ། ཁོང་གིས་འདོད་པ་ལ་ང་ཚོས་ང་རང་ཚོ་ལ་གང་བྱུང་ཡོད་པ་དེ་ཤེས་སུ་འཇུག་འདོད་དང། ང་ཚོས་གང་བྱེད་བཞིན་པ་དེ་མཐོང་དུ་འཇུག་འདོད་དང། ཡོངས་གྲགས་སུ་བཟློག་ཏུ་མེད་པའི་ཆགས་ཡང་དང་། རྒྱུ་མཚན་ལྡན་པའི་ཁས་བླང་དང་། རེ་བའི་གྲུང་ཤ་དོད་པའི་ཐབས་ཇུས་ཀྱི་ལས་དོན་བཅས་ཀྱི་དུས་སྐབས་དེར་ང་ཚོས་གང་བརྗོད་ཡོད་པ་རྣམས་ཐོས་པའི་ཆེད་དོ། ང་ཚོས་གནོད་ཤུགས་ཇི་ཙམ་ཡོད་མིན་ལ་མ་ལྟོས་པ་རྩོད་ལེན་བྱེད་དགོས་པ་དེ་བརྗེད་པ་རེད། གཞི་རྩའི་ཐོབ་ཐང་དེ་ནི་ཉོ་འཚོང་བྱེད་རྒྱུ་མེད་ལ་དེ་ནི་ང་ཚོ་མིའི་རིགས་ཀྱི་གཟི་བརྗིད་ཀྱི་ཆེད་དུ་གཅེས་ཉར་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།

ཡཱན་པ་ལ་ཁ་རང་ལུས་མེར་བསྲེགས་བཏང་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་བཅའ་ཁྲིམས་དོན་ཚན་༧༧ལས། སྤྱི་ལོ་༡༩༨༩ལོའི་ཟླ་བ་༡ཚེས་༡༥ལ།

སྤྱི་ལོ་༡༩༦༩ལོར་ཡཱན་པ་ལ་ཁ་འདས་གྲོངས་སུ་གྱུར་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བའི་མང་ཚོགས་ཀྱི་རྗེས་དྲན་མཛད་སྒོ་ཞིག་ཅེག་སི་ལོ་ཝ་ཀི་ཡའི་ནང་དུ་སྤེལ་ཡོད། སྤྱི་ལོ་༡༩༨༩ལོའི་ཟླ་༡་རེས་གཟའ་ཉི་མ་ལ་ཆོས་དཔོན་ཝན་སི་ལ་སི་ཡི་འདྲ་སྐུ་ཡོད་སར་རྗེས་དྲན་མཛད་སྒོ་ཞིག་སྤེལ་ཡོད་ཅིང་དེའི་གོ་སྒྲིག་པ་ནི་ཁ་གཏད་ཀྱི་ལས་འགུལ་བ་ཅེག་བྱིས་པ་དང། བཅའ་ཁྲིམས་༧༧པ། ཇོན་ལི་ནོན་ཞི་བདེའི་རོལ་དབྱངས་ཚོགས་པ། རང་དབང་ཞི་བདེའི་ལྷན་ཚོགས། ཨ་རིའི་གྲོགས་པོ་ཚོགས་པ་བཅས་རེད།

སྤྱི་ལོ་༡༩༨༩ལོའི་ཟླ་བ་༡་ཚེས་༩ལ་རྒྱུས་མེད་ཀྱི་ཡི་གེ་ཞིག་ཁ་གཏད་ཤོག་ཁག་གི་མགྲིན་ཚབ་པ་ཝ་ཙ་ལ་ཝ་ཧ་ཝེལ་(Vaclav Havel)ལ་འབྱོར་རྗེས་གནས་སྟངས་ཛ་དྲག་ཇེ་ཆེར་གྱུར། རྩོམ་པ་པོ་ཆེ་གེ་མོ་ཞིག་གིས་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་ལ་ངོ་རྒོལ་བྱེད་ཆེད་རང་གིས་ཡཱན་པ་ལ་ཁའི་ལོ་འཁོར་རྗེས་དྲན་ཉིན་མོ་འདི་ལ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་སྐོར་འཁོད་ཡོད་པ་རེད། ཝཱེ་ཁེལ་ཧཱེ་ཝལ་གྱིས་ཅེག་སི་ལོ་ཝ་ཀི་ཡའི་བརྙན་འཕྲིན་ཁང་ལ་ཡར་ཞུ་བྱས་ཏེ་ཡཱན་པ་ལ་ཁའི་རྗེས་འབྲངས་དག་ལྷོད་ལ་འབབ་ཆེད་དུས་ཡུན་ཐུང་ངུ་ཞིག་བརྙན་འཕྲིན་བརྒྱུད་ནས་གཏམ་བཤད་སྤེལ་རྒྱུའི་རེ་བ་ཕུལ་ཡང་རྩིས་མེད་དུ་བཏང། དེར་བརྟེན་ཁོང་གིས་ཕྱི་རྒྱལ་གྱི་རླུང་འཕྲིན་ཁང་(ཡོ་རོབ་ཀྱི་རང་དབང་རླུང་འཕྲིན་ཁང་ནི་སྤྱི་ལོ་༡༩༨༩ལོའི་ཟླ་༡༢པའི་རྗེས་ནས་བཟུང་བཀག་སྡོམ་བྱས་མེད།)ལ་འབྲེལ་གཏུགས་བྱས་པས་དེས་ཁོང་ཉིད་ལ་དང་ལེན་བྱས་ཏེ་ཁོང་གི་མངོན་འདོད་རྣམས་རྒྱང་བསྲིངས་བྱས་ཡོད། དེ་དང་ཕྱོགས་མཚུངས་པ་ཞིག་བཅའ་ཡིག་༧༧པའི་མགྲིན་ཚབ་པ་དྷ་ན་ཉེམ་ཙོ་ཝ(Dana Němcová)ཡིས་ཀྱང་སྐབས་དེ་དུས་བྱས་ཡོད་པ་རེད།

>>>

ཝན་སི་ལ་སི་བཞི་མདོར་དུ་འཚོགས་རྒྱུའི་རྗེས་དྲན་མཛད་སྒོ་དེ་ནི་གཞུང་འབྲེལ་གྱིས་བཀག་སྡོམ་བྱས་ཟིན་པ་དང་ཁ་གཏད་ཤོག་ཁག་གི་འཐུས་མི་རྣམས་ནི་འཇུ་བཟུང་བྱས་མོད། འོན་ཀྱང་མི་དམངས་རྣམས་བཀག་སྡོམ་ལ་མ་འཛེམ་པར་དེ་གར་འཛོམས་ནས་ཉིན་ཤས་རིང་ཁྲོམ་སྐོར་བྱས། འོན་ཀྱང་མི་ཚོགས་རྣམས་དམིག་བསལ་སྲུང་དམག་དང་ཆུ་སྒྱོགས་འཕངས་ནས་ཁ་འཐོར་དུ་བཏང། ཡཱན་པ་ལ་ཁའི་བདུན་ཚིགས་མཐའ་མའི་ཉིན་མོ་སྟེ་སྤྱི་ལོ་༡༩༨༩ལོའི་ཟླ་བ་༡་ཚེས་༢༡་ལ་སྲིད་གཞུང་དང་སྲུང་དམག་ཟུང་འབྲེལ་ཐོག་ཝེས་ཏྲེའ་ཏྲིལ་དུ་ཡོད་པའི་ཡཱན་པ་ལ་ཁའི་དུར་ས་རུ་བསྐྱོད་སའི་རྒྱལ་ཡོངས་གནས་སྐོར་འགྲིམ་འགྲུལ་གཞུང་ལམ་དེ་བཀག་ཡོད་པ་རེད། ཝཱེ་ཁེ་ཧཱེ་ཝལ་དང་དྷ་ན་ཉེམ་ཙོ་ཝགཉིས་ཀྱིས་རླུང་འཕྲིན་ནང་གཏམ་བཤད་སྤེལ་བས་རྐྱེན་གྱིས་ཁོང་གཉིས་ལ་མི་དམངས་ཀྱི་གྱེན་ལངས་འདིའི་བརྒྱུད་བསྐུལ་བྱས་པའི་ཉེས་འཛུགས་བྱས་ཡོད་པ་རེད། ཝཱེ་ཁེ་ཧཱེ་ཝལ་ལ་ཟླ་བ་དགུའི་རིང་སྲིད་གཞུང་གི་དམ་དྲག་ཅན་གྱི་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང། ཝན་སི་ལ་སི་བཞི་མདོར་དུ་གྱེན་ལངས་བྱེད་མཁན་གྱི་ལས་འགུལ་བ་རྣམས་ཁོང་དང་ལྷན་དུ་ཁྲིམས་བཤེར་བྱེད་བཞིན་མཆིས། ཁ་གཏད་ལས་འགུལ་བ་ཚོས་ཁོང་ཚོ་གློད་གྲོལ་ཆེད་དུ་ལས་འགུལ་ཞིག་སྤེལ་ཡོད་ཅིང་དེས་རྒྱ་ཆེའི་མི་དམངས་དང་ལས་འགུལ་བ་གཉིས་ཀྱི་བར་ན་ཡོད་པའི་སྟོང་ཆ་དེ་བསྐོང་བའི་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཆགས་ཡོད། རྒྱབ་སྐྱོར་དེའི་བློ་བསྐྱེད་ལ་བརྟེན་ནས་ཝཱེ་ཁེ་ཧཱེ་ཝལ་གྱིས་བསྒྲགས་གཏམ་ལ་《བརྗོད་པ་ཐུང་ངུ་ཞིག》ཅེས་པ་དེ་ཁོང་ཉིད་གློད་གྲོལ་རྗེས་སུ་བརྩམས་ཡོད་པ་རེད།

སྤྱི་ཟླ་བ་༡་པོའི་ནང་སྲིད་དབང་རྩ་གཏོར་གྱི་ལས་འགུལ་སྐབས་མི་དམངས་༡༤༠༠ལྷག་འཛིན་བཟུང་བྱས་ཡོད། ལས་འགུལ་དེ་ནི་འབྱུང་འགྱུར་དམར་ཤོག་གི་སྲིད་དབང་ཉམས་དམས་སུ་འགྱུར་རྒྱུའི་སྔོན་འགྲོ་ལྟར་བུ་ཆགས་ཡོད། ཆབ་སྲིད་ཀྱི་འཐུས་མི་རྣམས་ལ་རྒྱལ་སྤྱིའི་གནོན་ཤུགས་གང་ཙམ་སྤྲད་ཡོད་པ་རེད། རྒྱུ་མཚན་ནི་ཁོང་ཚོས་ཁ་གཏད་ཀྱི་ཞི་བའི་ལས་འགུལ་ལ་མགོ་གནོན་ལག་བསྟར་བྱས་པ་དེ་ཡོ་རོབ་ནང་མཉམ་སྦྲེལ་དང་བདེ་འཇགས་ཀྱི་སྐོར་ཚོགས་འདུ་འཚོགས་བཞིན་པ་དང་མཉམ་དུ་འཁེལ་ཡོད་པས་སོ། ཚོགས་ཆེན་དེ་ཝི་ཡ་ན་(Vienna)ནང་དུ་ཚོགས་ཡོད་པ་དང་ཅེག་སི་ལོ་ཝ་ཀི་ཡའི་སྐུ་ཚབ་རྣམས་ལ་རྒྱལ་སྤྱིའི་རྩ་ཁྲིམས་ལག་བསྟར་མ་ཐུབ་པ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་བར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་དོ།

>>>