བྱིས་དུས།

“ཁོང་གི་སློབ་གྲོགས་ཚོས་འཇམ་ཞིང་འདྲེས་སླ་བའི་ཁོང་གི་གཤིས་ཀ་ལ་དགའ་མོས་བྱེད་ཀྱི་ཡོད། ཁོང་ནི་ཁ་ཁུ་སིམ་པོ་དང་བསམ་བློ་གཏོང་རྒྱུ། དཔེ་དེབ་ལྟ་ཀློག་བྱེད་རྒྱུ་བཅས་ལ་དགའ་པོ་ཡོད། ཁོང་ཉིད་བྱིས་དུས་ནས་བཟུང་རང་བྱུང་ཁམས་དང་། བཟོ་རིག་པ། ལོ་རྒྱུས་བཅས་ལ་དོ་སྣང་ལྡན།”

༼ཝི་ཤེ་ཏ་ཏི་གཞི་རིམ་སློབ་གྲྭའི་དབུ་འཛིན་གྱི་ངོས་སྦྱོར་ཡིག་ཆ། ཕྱི་ལོ་༡༩༦༩ཟླ་བ་༣ཚེས་༣ཉིན།༽

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡ཚེས་༡༦ཉིན་བར་དུ་ཡཱན་པ་ལ་ཁའི་མི་ཚེའི་ལོ་རྒྱུས་རྣམས་གོ་བབ་འདྲ་མཉམ་ལས་ཐུན་མིན་གང་ཡང་མེད། ཁོང་ནི་པ་རཱག་གི་སར་ནས་སྤྱི་ལེ་༥༠སར་ཡོད་པའི་ཝི་ཤེ་ཏ་ཏི་(Všetaty)ཉེ་འགྲམ་གྱི་མཱེལ་ནིག་(Mělník)ཞེས་པའི་གྲོང་སྡེ་ཆུང་ཆུང་དེའི་ནང་གི་སྒེར་པའི་སྨན་ཁང་ཞིག་ཏུ་སྤྱི་ལོ་༡༩༤༨ལོའི་ཟླ་བ་༨པའི་ཚེས་༡༡ཉིན་སྐྱེས།

སྤྱི་ལོ་༡༩༣༠ཡས་མས་བར་ཁོང་གི་ཨ་ཕ་ཡོ་སེབ་པ་ལ་ཁ་(Josef Palach) ཡིས་བྱི་རིལ་གྱི་བཟོ་གྲྭ་དང་ཚོང་ཁང་ཞིག་གཉེར་བཞིན་ཡོད་ཅིང་ཁོང་གི་ཆུང་མ་ལི་བྷུ་ཤེ་ཀོ་སི་ཏོ་མ་ལཱད་སི་ཀ་(Libuše Kostomlatská)ཡིས་ཁྱིམ་ལས་དག་བྱེད་བཞིན་ཡོད། ཁོང་གི་ཕ་མ་གཉིས་པོས་སྤྱི་ཚོགས་ནང་རླབས་ཆེ་བའི་བྱ་བ་སྒྲུབ་བཞིན་ཡོད་ལ་ཁོང་གཉིས་པོ་ནི་ཅག་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པའི་(Czech National Socialist Party)འཐུས་མི་ཡང་རེད། ལི་བྷུ་ཤེ་(Libuše)ནི་ལི་བྷི་ཤི་(Libiš)ཉེ་འགྲམ་དུ་ཡོད་པའི་ཡེ་ཤུ་ཨེ་ཝཱན་ཇྷེ་ལིག་(Evangelical Church)ལྷ་ཁང་གི་ཅེག་སྤུན་གྲོགས་ཚོགས་པའི་ཚོགས་མི་རེད། ཁོང་གཉིས་ཀྱིས་རང་གི་བུ་ཕྲུག་ཡཱན་(Jan)དང་ཡི་རི་(Jiří, 1941)གཉིས་གཉོར་སྐྱོང་བྱེད་བཞིན་མཆིས།

ཕྱི་ལོ་༡༩༥༠ ལོ་འགོ་བཙུགས་མ་ཐག་སྒེར་གཉེར་ཚོང་ལས་པ་གཞན་དང་འདྲ་བར་ཡཱན་ཚང་གི་བྱི་རིལ་ཚོང་ཁང་སྒོ་རྒྱག་དགོས་བྱུང་པ་མ་ཟད། ལོ་ཤས་རྗེས་བཟོ་གྲྭ་ཡང་སྒོ་རྒྱག་དགོས་བྱུང་། དེར་བརྟེན་ཇོ་སེབ་པཱ་ལ་ཁ་ལ་Brandýs nad Labem ལ་བག་ལེབ་བཟོ་ལས་ཁང་ཞིག་གི་ནང་དུ་ཤུགས་ལས་ཀྱི་ལས་ཀ་ཞིག་རྙེད་པ་དང། ལི་བྷུ་ཤེ་ཡིས་ཝི་ཤེ་ཏ་ཏི་མེ་འཁོར་འབབ་ཚུགས་ཉེ་འཁྲིས་ཀྱི་ཟ་ཁང་གི་ནང་དུ་ཚོང་ལས་བྱེད་འགོ་བརྩམས། དེ་ཙམ་མ་ཟད་ལི་བྷུ་ཤེ་ཕྱི་ལོ་༡༩༥༧ལོར་ལི་བྷུ་ཤེ་འི་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ཁོ་མོས་དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་གཅིག་རང་ཡོད་པ་ནི་མོ་རང་གི་བུ་ཕྲུག་རྣམས་ལ་མ་འོངས་པར་ཤེས་ཡོན་གྱི་གོ་སྐབས་འཐོབ་པའི་ཆེད་དུ་རེད། ཕྱི་ལོ་༡༩༦༢ལོར་ཁོང་ཚོ་ནང་མི་རྣམས་ལ་ཧང་སང་དགོས་པའི་དོན་རྐྱེན་ཞིག་བྱུང་བ་ནི་ཡོ་སེབ་པ་ལ་ཁ་སྙིང་རླུང་གིས་རྐྱེན་པས་འདས་གྲོངས་སུ་གྱུར། སྐབས་དེར་བུ་རྒན་པ་ཡི་རི་ཆེན་པོ་ཆགས་ཟིན་པར་བརྟེན་ལི་བྷུ་ཤེ་ཎིས་རང་གི་བུ་ཆུང་བ་དང་ལྷན་དུ་རང་ཁྱིམ་དུ་སྡོད་དགོས་བྱུང་།

>>>

མི་རོ་སི་ལབ་སི་ལ་ཁ(Miroslav Slach)ནི་ཝི་ཤེ་ཏ་ཏི་(Všetaty) གཞི་རིམ་སློབ་གྲྭའི་ལོ་རྒྱུས་དགེ་རྒན་ཟུར་པ་ཞིག་ཡིན་པ་དང་ཁོང་གིས་དྲན་སོས་པ་ལྟར་ན་ཡཱན་པ་ལ་ཁ་ནི་དཔེ་དེབ་བལྟ་ཀློགས་བྱ་རྒྱུ་ལ་སྤྲོ་བ་ལྡན་པ་མ་ཟད་མིག་མང་(Chess)རྩེད་རྒྱུར་ཡང་དགའ་མཁན་ཞིག་ཡིན་པར་གྲགས། ཁོས་ལོ་རྒྱུས་དང་བློ་སྐྱེད་ལྡན་པའི་སྒྲུང་དེབ་ཀློག་རྒྱུར་དགའ་པོ་ཡོད། གཞན་ཡང་ཁོང་ནི་རྩེད་མོ་ལ་དགའ་བ་མ་ཟད་ཉེ་འཁོར་གྱི་སོ་ཀོལ་ལུས་སྦྱོང་ཁང་(Sokol gym)ལ་ལུས་སྦྱོང་བྱེད་དུ་འགྲོ་བ་དང་ཝེས་ཏྲེའ་ཏྲེས་ཀྱི་ཉེ་འཁོར་དུ་རྒྱུག་ཤར་གློད་དུ་འགྲོ་རྒྱུར་ཡང་དགའ།

ཕྱི་ལོ་༡༩༦༣ལོའི་ཟླ་བ་༩པའི་ནང་ཡཱན་པ་ལ་ཁ་མཱེལ་ནེ་ཀ་འབྲིང་རིམ་ཕྱོགས་འདུས་སློབ་གྲྭ་(Mělník Secondary Comprehensive School) (དེང་སང་བརྡ་སྤྲོད་སློབ་གྲྭ།)རུ་འཛུལ་ཞུགས་བྱས། ཁོང་གི་དགེ་རྒན་རྣམས་པས་དྲན་སོས་པ་ལྟར་ན་ཁོང་ནི་སྤྱི་སྙོམ་གྱི་སློབ་གཉེར་བ་ཞིག་པ་ཡིན་པ་དང། ཁོང་ནི་ལོ་རྒྱུས་དང་། ས་ཁམས་རིག་པ། སྤྱི་ཚོགས་རིག་གནས། དངོས་ཁམས་རིག་པ་བཅས་ལ་དམིགས་བསལ་གྱིས་ཁྱད་དུ་འཕགས་ཚུར་བརྗོད། ཕྱི་ལོ་༡༩༦༦ལོར་ཁོས་ཡིགས་རྒྱུགས་བཏང་སྟེ་སློབ་མཐར་ཕྱིན།

>>>