text
Election poster of the Communist Party appealed to the nationalistic feelings of the voters (May 1946, source: National Archives)
Report of the State Security (StB) on the events of the February crisis (25 February 1948, source: Security Services Archives)
A map of Wenceslas Square with the position of the National Security Corps patrols on 25 February 1948 (February 1948, source: Security Services Archives)
Klement Gottwald celebrating the second anniversary of the February coup (source: National Archives)
A map of prisons in Czechoslovakia under communism (1953, source: Department of Documentation and History of the Prison Service)
The student celebration parade on Šverma (now Štefánik) bridge on 20 May 1956 (source: National Archives)

ཚོང་གི་དབང་ཆ་རྐྱང་འཛིན།

“བརྗིད་ཉམས་ལྡན་པའི་སོ་ཝི་ཊི་དམག་དཔུང་གིས་ཅེག་སི་ལོ་ཝ་ཀི་ཡ་ལ་བཅིངས་གྲོལ་བཏང་རྗེས། ང་ཚོས་དངུལ་ཁང་བཟོ་གྲྭ་རྣམས་གཞུང་འཛིན་ཅན་དུ་བསྒྱུར་བ་ཡིན་ལ། མ་ཟད་བཟོ་གྲྭ་ཆེ་ཁག་དང་ལྗིད་ཁོག་ཅན་རྣམས་ཀྱང་དེ་ལྟར་རོ། ང་ཚོས་ཇ་མན་མི་རིགས་རྣམས་ཕྱིར་དབྱུང་དུ་བཏང་བ་ཡིན། དེ་སྔར་ཁོང་ཚོས་བདག་ཉར་བྱས་པའི་དངུལ་ཁང་དང། ས་ཞིང་། བཟོ་གྲྭ་བཅས་ཅེག་དང་སེ་ལོ་ཝ་ཀི་ཡའི་གྲལ་རིམ་མཐོ་བ་རྣམས་ལ་སྤྲད་མེད་ལ། དེ་ནི་ཅེག་དང་སེ་ལོ་ཝ་ཀི་ཡའི་ཞིང་པ་དང། བཟོ་པ། ཚོང་པ། རྒྱལ་ཁབ་བཅས་ལ་ཕུལ་ཡོད། ང་ཚོས་དཔོན་དབང་སྲིད་གཞུང་རིང་ལུགས་ཀྱི་ཉེན་རྟོག་པ་དང་ཁ་ཐག་རིང་དུ་གྱེས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆུང་བཙུགས་ཡོད། དེར་བརྟེན་མི་དམངས་ཀྱི་སྒྲིག་འཛུགས་ནི་མི་དམངས་ལ་དབང་ཡོད། ང་ཚོས་མུ་ཎི་ཁ་(Munich)བསྐྱར་འཛུགས་མ་བྱས་གོང་རྒྱབ་གཏད་ཀྱི་ཆབ་སྲིད་ཚོགས་པ་སུ་ཡང་འཛུག་འཇུག་གི་མིན། གང་ཡིན་ཞེ་ན་ཁོང་ཚོ་ནི་ཅེག་དང་སོ་ལོ་ཝ་ཀིའི་འབྱོར་ལྡན་གྲལ་རིམ་ཚོའི་ལག་ཆ་ཡིན་པས་སོ། ང་ཚོས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ཞིག་འཛུགས་བསྐྲུན་བྱེད་རྒྱུ་ཡིན། དེ་ནི་བཟོ་བ་གྲལ་རིམ་དང། ཞིང་པ་གྲལ་རིམ། ཚོང་པ། ཡར་ཐོན་ཤེས་ལྡན་གྲལ་རིམ་བཅས་ལས་གྲུབ་པའི་མཉམ་སྦྲེལ་གྱི་འཛིན་སྐྱོང་ལྷན་ཚོགས་ཤིག་ཡིན་དགོས། འདིས་སྔར་ཡོད་གྲལ་རིམ་དབང་འཛིན་གྱི་གཞུང་དེ་ཆབ་སྲིད་ཀྱི་དབང་ཚད་དང་། ཚོར་སྐྱེན་པོའི་དམིགས་འབེན། རྒྱུ་ནོར་ལོངས་སྤྱོད་བཅས་ལས་ཕྱིར་འབུད་བསྐྲད་ཐུབ། མི་སེར་རྒྱལ་ཁབ་ཀྱི་དམངས་གཙོའི་གཞུང་གསར་པ་དེས་རང་གི་མི་དམངས་ནི་རང་གི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་པར་སེམས་ངེས་ལགས།”

སྲིད་བློན་ཀེལ་མན་ཏྲི་གྷོ་ཐ་ཝ་ཊ་ལགས་ཀྱིས་སྤྱི་ལོ་༡༩༤༨ལོའི་ཟླ་བ་༣པའི་ཚེས་༡༠ལ་རྒྱལ་ཡོངས་འོས་བསྡུའི་ཚོགས་ཆེན་ཐོག་སྤེལ་བའི་གཏམ་བཤད།

སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་གནོན་ཤུགས་འོག་ཡོད་ཀྱང་ཅེག་སི་ལོ་ཝ་ཀི་ཡའི་ནང་གི་སྲིད་དོན་ཚོགས་པ་ཚང་མས་ཆབ་སྲིད་ཀྱི་ལམ་ལུགས་དེ་འགྱུར་བ་ཕྱིན་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་མི་འབོར་གྲུབ་ཚུལ་ཐད་ལ་བསམ་ན་ཇ་མན་གྱི་སྐད་སྨྲ་མཁན་ཕོན་ཆེན་ཞིག་རང་འཇགས་བསྡད་ཡོད། སྲིད་དོན་ཚོགས་པ་རྣམས་ཀྱི་ལས་དོན་ལྟེ་བ་ཞིག་ནི་གཞུང་འཛིན་བྱེད་རྒྱུ་དེ་རེད་མོད་ཀྱང་སྒེར་གྱི་སྲིད་དོན་ཚོགས་པ་སོ་སོ་ལ་དམིགས་ཡུལ་གཞན་པ་རེ་ཡོད་ངེས་རེད། ཅེག་དང་སོ་ལོ་ཝ་ཀི་གཉིས་ཀྱི་མངའ་ཁུལ་དུ་རྒྱལ་ཁབ་ཀྱི་ཆོག་མཆན་ཡོད་པའི་སྲིད་དོན་ཚོགས་པའི་གྲངས་འབོར་ནི་ཚད་གཞི་ངེས་ཅན་ཞིག་ལས་མེད། དམིགས་བསལ་དུ་སྤྱི་ལོ་༡༩༢༠་དང་༡༩༣༠ཡས་མས་ནང་དུ་ཚར་ཚུད་ལྡན་པའི་གཡས་ཕྱོགས་ཤོག་ཁག་དེ་རྩར་གཏོར་དུ་བཏང་ཟིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ཤོག་ཁག་གི་ཅེག་དང་སེ་ལོ་ཝ་ཀི་གཉིས་པོ་ནི་སྲིད་དོན་ཚོགས་པ་ལྟེ་བ་དེ་ཆགས་ཡོད་པ་མ་ཟད་སོ་ཝི་ཏི་ཡིན་པའི་རྒྱལ་ཁབ་གཞན་དུ་ཡང་གཅིག་མཚུངས་རེད། འཐབ་ཕྱོགས་མཉམ་འབྲེལ་ནི་ཁྲིམས་མཐུན་གྱི་ཆབ་སྲིད་ཚོགས་པ་གཅིག་པུ་དེ་མ་ཡིན་པར་གཞན་ཡང་ཚོང་ལས་མཉམ་འབྲེལ་དང། གཞོན་ནུ། ཞ་ཞོར་གྱི་ཚོགས་པ་ཁག་ཀྱང་ཡིན་ནོ།

>>>

དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དམར་ཤོག་ཚོགས་པའི་དབང་ཚད་དེ་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་དང་གཞན་ཡང་སྲིད་དོན་ཚོགས་པ་ཁག་གཞན་དང་བསྡུར་ན་གཞི་རྒྱ་ཇེ་ཆེར་འགྱུར་བཞིན་མཆིས།

སྤྱི་ལོ་༡༩༤༦ལོར་གྲོས་ཚོགས་ཀྱི་འོས་བསྡུའི་ནང་དམར་ཤོག་ཚོགས་པར་མང་མོས་ཀྱིས་རྒྱལ་ཁ་ཐོབ་མེད་པ་མ་ཟད་སེ་ལོ་ཝ་ཀི་ཡའི་ནང་དུ་ཤོར་ཡོད་ཀྱང་གཞུང་འཛིན་པ་ཆགས་པ་རེད། སྤྱི་ལོ་༡༩༤༨ལོའི་འགོ་སྟོད་དུ་གཞུང་ལ་དཀའ་ཉེན་འཕྲད་སྐབས་དམར་ཤོག་ཚོགས་པས་གློ་བུར་དུ་ཆབ་སྲིད་ཀྱི་ངོ་བོ་བཅོས་བསྒྱུར་བྱས་ཏེ་རྒྱལ་ཁབ་ཁྱོན་ཡོངས་ལ་སྲིད་དབང་སྒེར་གཅོད་ཀྱི་དབང་ཆ་ལག་བསྟར་བྱས་ཡོད། སྤྱི་ལོ་༡༩༤༨ལོའི་ཟླ་བ་༥པའི་ཚེས་༣༠ལ་གྲོས་ཚོགས་ཀྱི་འོས་བསྡུ་བྱས་པའི་གཞུང་འབྲེལ་གྱི་གྲུབ་འབྲས་ལྟར་ན་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ཤོག་ཁག་གི་འཐུས་མི་རྣམས་ལ་ཅེག་དང་སེ་ལོ་ཝ་ཀི་ཡ་གཉིས་ཀའི་ནང་མང་མོས་ཀྱི་སྒོ་ནས་ཐོབ་ཡོད་འདུག ། དོན་དངོས་ཐོག་འོས་བསྡུ་དེ་ནི་གཡོ་ཇུས་ཀྱི་སྒོ་ནས་ཆེད་དུ་བཟོས་པ་ཞིག་རེད། དུས་ཀྱི་རིམ་པའི་ནང་དུ་གྲོས་ཚོགས་ཀྱི་འགན་འཁྲི་ནི་མར་ངོའི་ཟླ་ལྟར་ཇེ་འགྲིབ་ཇེ་སྡུག་རེད། ལོ་རེ་ལ་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་གཅིག་གཉིས་ཙམ་འཚོགས་ཀྱི་ཡོད་པ་དང་དེ་ཡང་ཉིན་གཅིག་དང་གཉིས་ཙམ་གྱི་དུས་ཡུན་ལས་ཚོགས་ཀྱི་མེད། དབང་ཆའི་ལྟེ་གནས་དེ་ཡང་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ཕྱོགས་སུ་ཕར་གནས་སྤོས་བྱས་ཡོད་པ་རེད།

དབང་ཆ་རྐྱང་འཛིན་འདི་ནི་མང་ཚོགས་ཀྱི་འཛིན་སྐྱོང་དང་། དམག་སྒར། མཐོ་སློབ་སོགས་ཀྱི་ཀུན་སྤྱོད་དག་ཐེར་གཏོང་རྒྱུ་དང་འབྲེལ་བ་ངེས་ཅན་ལྡན་ཡོད། སྤྱི་ལོ་༡༩༤༨རྗེས་མི་དམངས་སྟོང་ཕྲག་མང་པོ་ཡུལ་གྱར་ཕྱིན་ཡོད་པ་དང། གཞན་ཡང་མི་དམངས་སྟོང་ཕྲག་མང་པོ་ལོ་མང་རིང་བཙོན་དུ་བཅུག་པའམ་ཡང་ན་བཙན་དབང་གིས་ངལ་རྩོལ་ཤུགས་ལས་བྱེད་དུ་བཅུག ། སྤྱི་ལོ་༡༩༤༨ནས་༡༩༦༠བར་མི་༢༤༢ལ་ཆབ་སྲིད་ཀྱི་ཉེས་མིང་འོག་སྲོག་ཁྲིམས་བཅད་ནས་སྲོག་ཐོག་བཏང་ཡོད། མཐའ་མ་དེ་ཀུན་སྤྱོད་དག་ཐེར་འདིས་དམར་ཤོག་ཚོགས་པ་རང་ཉིད་ལའང་གནོད་སྐྱོན་བྱུང་ཡོད་དེ། ཅེག་སི་ལོ་ཝ་ཀི་ཡའི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རུའུ་ཊོལ་ཧྥ་ སེ་ལེན་སི་ཀིས་(Rudolf Slánský)ཡང་སྲོག་ཐོག་ཏུ་བཏང་བ་རེད། སྤྱི་ལོ་༡༩༥༠ལོར་ཆོས་ལུགས་རྩ་གཏོར་གྱི་ལས་གཞིའི་འོག་དགོན་པའི་སྒྲིག་ཁྲིམས་རྣམས་གཏོར་བཤིག་བཏང་ཡོད། ཚགས་ཤོག་དང་དུས་དེབ་བརྒྱ་ཕྲག་མང་པོ་བཀག་སྡོམ་བྱས་པ་དང་སྤྱི་པའི་དཔེ་མཛོད་ཁང་དུ་ཡོད་པའི་ཁོང་ཚོའི་བློ་ལ་མི་འབབ་པའི་རྩོམ་པ་པོ་བརྒྱ་ཕྲག་མང་པོའི་དཔེ་དེབ་རྩ་མེད་བཟོས་ཡོད། བཙན་གནོན་འོག་ཏུ་མི་དམངས་མཉམ་ལས་བྱེད་དུ་བཅུག་པ་འདིས་སྤྱི་ཚོགས་ཀྱི་འཚོ་བའི་སྒྲོམ་གཞི་ཡོངས་རྫོགས་འགྱུར་བ་ཕྱིན་ཡོད། སྒེར་གཉེར་ཚོང་ལས་རྣམས་རིམ་བཞིན་ཅེག་སི་ལོ་ཝ་ཀི་ཡའི་ནང་ཕལ་ཆེར་རྩ་མེད་དུ་བཏང་ཡོད།

>>>

སྤྱི་ལོ་༡༩༥༠ལོའི་དུས་དཀྱིལ་ཙམ་ལ་གཞི་ནས་ཆབ་སྲིད་ཀྱི་གནས་སྟངས་ཅུང་ཟད་ཞི་འཇགས་ཕྱིན་ཡོད། དུས་འགྱུར་གྱི་མངོན་རྟགས་གསལ་ཤོས་གཅིག་ནི་སྤྱི་ལོ་༡༩༥༣ལོའི་དཔྱིད་རྒོལ་སུ་ཇོ་སེབ་ཝི་སར་རཱོ་ནོ་བི་ཆི་སི་ཏ་ལིན་(Joseph Vissarionovich Stalin)དང་ཁེལ་མན་ཊ་ གྷོ་ཊ་ཝལ་ཌ་(Klement Gottwald)གཉིས་ཕྱི་མའི་ལམ་དུ་བཞུད་ཡོད། ལོ་དེར་མི་དམངས་ཀྱིས་སྲིད་དབང་རྩ་གཏོར་གྱི་ངོ་རྒོལ་ཤུགས་ཆེ་ཤོས་དེ་བྱས་ཡོད་པ་དང། དེ་རྗེས་དངུལ་འཛིན་བཅོས་བསྒྱུར་བྱེད་རྒྱུའི་གསལ་བསྒྲགས་བྱས་པ་རེད། སྤྱི་ལོ་༡༩༥༦ལོའི་སོ་ཝེ་ཏའི་ལྷན་ཚོགས་ཀྱི་དམར་པོའི་སྲིད་གཞུང་གི་ཚོགས་ཆེན་སྐབས་༢༠་པའི་ཐོག་སོ་ཝེ་ཏའི་ལྷན་ཚོགས་ཀྱི་འཐུས་མི་མཐོ་ཤོས་ནི་ཀི་ཏ་ སིར་གེ་ཝི་ཅི་ ཁུ་རུ་ཤེབ་(Nikita Sergeyevich Khrushchev)ལགས་ཀྱིས་སི་ཏ་ལིན་གྱི་སྲིད་དབང་སྒེར་གཅོད་པའི་ལམ་ལུགས་ལ་སྐྱོན་བརྗོད་བྱས་པ་དེ་ནི་ཆེས་གནད་དོན་གལ་ཆེ་ཤོས་ཤིག་རེད། སྲོལ་རྒྱུན་སློབ་ཕྲུག་གི་དུས་སྟོན་ཞིག་སྤྱི་ལོ་༡༩༥༦ལོའི་ཟླ་བ་༥པའི་ཚེས་༢༠ཉིན་པ་རཱག་དང་དེ་བཞིན་ཅེག་སི་ལོ་ཝ་ཀི་ཡའི་གྲོང་སྡེ་དང་གྲོང་ཁྱེར་གཞན་པའི་ནང་དུ་འཚོགས་ནས་དུས་འགྱུར་བྱུང་བ་མཚོན་པར་བྱས་ཡོད། ཕྱི་རྒྱལ་གྱི་ཞིབ་དཔྱད་པ་ཚོས་སློབ་ཕྲུག་གི་དུས་སྟོན་འདི་ནི་ཁུ་སིམ་མེར་ལྷག་པའི་མང་ཚོགས་ཚོས་རང་གི་བསམ་ཚུལ་གླེང་བའི་གོ་སྐབས་ཆེས་ཐོག་མ་དེ་ཆགས་ཡོད་པར་སེམས་བཞིན་ཡོད། མི་མང་སྟོང་ཕྲག་མང་པོ་པ་རཱག་ནང་གི་རུ་སྒྲིག་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་ཡོད་པ་དང་། འབོད་ཚིག་ནི་ཆབ་སྲིད་པ་དང། ཚོགས་སྡེ། ཞིབ་བཤེར་པའི་གོ་གནས་བཅས་ལ་དམའ་འབེབས་ཁ་བརྡུང་བཏང་ཡོད། ཧང་གྷ་རི་(Hungary)ནང་གི་གསར་བརྗེ་ཆམ་ལ་ཕབ་རྗེས་དེ་དང་འདྲ་བའི་ཞི་བདེ་ལྷིང་འཇགས་ཀྱི་ཉི་མ་དེ་ཡང་ཅེག་སི་ལོ་ཝ་ཀི་ཡའི་ནང་དུ་རིམ་བཞིན་ཤར་བྱུང།

>>>