“པ་ལ་ཁ་”ལ་ཞིབ་བཤེར།
“ཞིབ་བཤེར་གྱི་བརྒྱུད་རིམ་ནང་ངོ་མཚར་བའི་གནས་ཚུལ་ཕྲན་ཚེགས་དང་དྲང་དོན་མང་པོ་ཞིག་རྙེད་སོན་བྱུང་ཡོད་པ་དེས་གཡས་ཕྱོགས་ཤོག་ཁག་གི་ཤར་ཕྱོགས་པ་ཚོས་ངོ་མཚར་བའི་བྱ་སྤྱོད་འདི་བཀོལ་སྤྱོད་བྱས་ཏེ་ཁོ་ཚོ་རང་ཉིད་ཀྱི་སྙན་གྲགས་དང་ཁེ་བཟང་ཐོབ་ཆེད་ཡིན་པར་ར་འཕྲོད་བྱུང་ཡོད། དེ་ཙམ་མ་ཟད་བྱ་སྤྱོད་འདི་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་ཡང་བཀོལ་སྤྱོད་བྱས་ཡོད་པ་རེད། དངོས་ཡོད་གནད་དོན་འདི་དག་ལ་གཞིགས་ཏེ་འོས་ཤིང་འཚམ་པའི་མཐའ་མཇུག་གི་གྲུབ་དོན་བཀོད་ཡོད།”
སྤྱི་ལོ་༡༩༧༣ལོའི་ཟླ་བ་༧པའི་ཚེས་༦ལ་རུ་དཔོན་ཇོ་སེབ་སྦིན་(Josef Bin)གྱིས་ཡཱན་པ་ལ་ཁའི་གྱོད་དོན་མཇུག་བསྡུ་བའི་གྲོས་འཆར་ལས།
ཉེན་རྟོག་ཞིབ་བཤེར་པ་ཚོས་ཡཱན་པ་ལ་ཁའི་འཆི་རྐྱེན་ལ་བརྟག་དཔྱད་ཞིབ་ཕྲ་བྱས་པར་ཟླ་བ་མང་པོ་འགོར་ཡོད། ཁོང་ཚོས་དམིགས་བསལ་དོ་སྣང་བྱ་ཡུལ་ནི་མི་གཞན་པ་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཀྱིས་ཤུགས་རྐྱེན་དང་འབྲེལ་བ་ཡོད་མེད་དང་། ཁོང་ཚོས་དཔང་མི་མང་པོ་ཞིག་ལ་འདྲི་བརྩད་བྱས་ཡོད་ཅིང་བསམ་འཆར་ཡང་དག་མང་པོ་ཞིག་དགོས་ཡོད་པ་རེད། ཁོང་ཚོས་ནང་སྲིད་ལྷན་ཁང་ལ་སྙན་ཐོ་མང་པོ་ཕུལ་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༦པའི་ནང་ཞིབ་དཔྱོད་འགན་འཛིན་ལྷན་ཁང་ནས་ཡིན་པའི་རུ་དཔོན་ཡི་རི་ ར་ཡན་ཏྲི་(Jiří Ryant)དང་མེ་རུ་སེ་ལོ་ཀ་ ནཱོ་ཝ་ཀ(Miroslav Novák)གཉིས་ཀྱི་མི་རྒྱུས་མེད་ཞིག་ལ་ནག་ཉེས་ཀྱི་ཁྲིམས་གཏུགས་བྱེད་རྒྱུར་མཚམས་འཇོག་བྱས་ཡོད་པ་དང། ཡཱན་པ་ལ་ཁའི་ཆེས་མཐའ་མཇུག་གི་ཡི་གེའི་ནང་དུ་ཚོགས་པ་ཞིག་ཡོད་ཚུལ་བརྗོད་པ་དེར་དོན་དངོས་ཐོག་ཁུངས་སྐྱེལ་ར་འཕྲོད་གང་ཡང་མེད་པ་ཆགས་པ་རེད། ཁོང་ཚོས་དེ་ནི་འཇིགས་སུ་རུང་བའི་ལས་འགུལ་འདིའི་ནུས་ཤུགས་ཆེ་རུ་གཏོང་ཐབས་ཀྱི་བསྒྲགས་གཏམ་ཞིག་ཡིན་པར་མཐའ་བསྡོམས་བཀོད་ཡོད།
StBཡི་འཐུས་ཚབ་པ་ཚོ་ཉུལ་ཞིབ་ལ་འཐད་པོ་བྱུང་ཡོད་ཀྱང་ཁྲིམས་ཐོག་གྱོད་ཞིབ་དང་མཇུག་བསྡོམས་ལ་ཏན་ཏན་དགའ་མོས་བྱུང་ཡོད་ཀྱི་མ་རེད། འོན་ཀྱང་ཡཱན་པ་ལ་ཁ་འདས་གྲོངས་སུ་གྱུར་ནས་ལོ་གཅིག་འཁོར་བའི་དུས་དྲན་ལ་ཁོང་ཚོས་དོན་རྐྱེན་དེའི་སྐོར་བསྐྱར་དུ་ཤེས་འདོད་བྱེད་ཀྱི་ཡོད། སྤྱི་ལོ་༡༩༧༠ལོའི་ཟླ་བ་༢པའི་ནང་ཡི་རི ཌིའུ་རཱ་ཀ་(Jiří Dvořák)ཡིས་ཡཱན་པ་ལ་ཁའི་འཆི་རྐྱེན་ལ་ཞིབ་ཕྲའི་ཡིག་ཐོག་ར་སྤྲོད་དགོས་ཚུལ་གྱི་གྲོས་འཆར་བཏོན་ཡོད། བདུན་ཕྲག་ཁ་ཤས་ཀྱི་རྗེས་ལ་གྱོད་དོན་ཡིག་ཆའི་ཁ་བྱང་ལ་“ཡཱན་པ་ལ་ཁ་”ཞེས་པ་ཞིག་ཐོ་འགོད་བྱས་པ་རེད། དེ་ནི་དགོས་མཁོ་ཅན་གྱི་གནད་དོན་ཡིག་ཆ་གསར་པ་རྣམས་གསོག་ཉར་ཆེད་རེད། StBཀྱི་ཚོགས་མི་རྣམས་ཀྱིས་གནད་དོན་སྔ་མ་རྣམས་རྟོག་ཞིབ་བྱས་པ་ཙམ་མ་ཡིན་པར་ཕྱིས་སུ་ཆབ་སྲིད་ཀྱི་དཀྲོག་གཏམ་བཟོ་རྒྱུའི་རྒྱུ་རྐྱེན་རྣམས་རྙེད་ཐབས་བྱས་ཏེ་མེད་པ་བཟོ་རྒྱུ་ལ་འབད་བརྩོན་བྱེད་བཞིན་མཆིས། ཁོང་ཚོས་དཔང་མི་ཁག་ཅིག་ལ་འབྲེལ་བ་བྱས་ཏེ་གསང་བའི་ཐོག་ནས་བདེན་དཔང་གི་ཚིག་ཐོ་རྣམས་འགོད་བཞིན་གདའ།
མ་ཟད་ཁོང་ཚོས་སྒྲ་འཛིན་འཕྲུལ་འཁོར་ནང་བཅུག་ཡོད་པའི་ཡིག་ཚགས་Kde končí svět《འཛམ་གླིང་གི་རྫོགས་མཚམས།》ཞེས་པ་དེ་འགྲེམས་སྤེལ་བྱེད་རྒྱུར་བཀག་སྡོམ་བྱས་ཡོད། དེའི་ནང་དུ་སྙན་རྩོམ་དང་ཡཱན་པ་ལ་ཁའི་དུར་འཇུག་ལ་བསྩལ་བའི་བཀའ་སློབ་དུ་མ་བཅས་ཡོད་པ་རེད། StBཀྱིས་ལོ་ལྟར་མི་དམངས་ཀྱིས་ཡཱན་པ་ལ་ཁའི་རྗེས་དྲན་མཛད་སྒོ་སྤེལ་རྒྱུ་ལ་བཀག་འགོག་བྱེད་ཀྱི་ཡོད། སྤྱི་ལོ་༡༩༧༣ལོའི་ཟླ་བ་༡༠པའི་ནང་ཁོང་ཚོས་བཙན་དབང་གིས་སྒོ་ནས་ཡཱན་པ་ལ་ཁའི་གཉེན་ཚན་རྣམས་ལ་ཁོང་གི་དུར་ས་བསྔོགས་དུ་བཅུག་ནས་བང་སོ་ཨོལ་ཤ་ནི་དུར་ཁྲོད་(Olšany Cemetery)ལས་ཕྱིར་འདོན་དུ་བཅུག
StBཀྱི་ཚོགས་མི་རྣམས་ཀྱིས་“ཚེ་སྲོག་གི་མེ་ལྕེ་”ཞེས་པའི་ལྟ་ཚུལ་ལ་སེམས་ནད་ཡོད་ཀྱང་ཁོང་ཚོས་ཚོགས་པ་དེ་ཉིད་ཡོད་པའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད། ཡཱན་པ་ལ་ཁའི་ལོ་འཁོར་རྗེས་དྲན་མཛད་སྒོ་སླེབས་རིམ་བཞིན་ཅེག་སི་ལོ་ཝ་ཀི་ཡའི་བདེ་འཇགས་ལས་ཁུངས་ཀྱིས་སྔོན་ཚུད་ནས་དོགས་ཟོན་དང་སྔོན་འགོག་བྱེད་ཀྱི་ཡོད། འོན་ཀྱང་ཁོང་ཉིད་འདས་ནས་ལོ་ངོ་ཉི་ཤུ་འཁོར་རྗེས་《ཡཱན་པ་ལ་ཁའི་བདུན་ཚིགས་》ཞེས་པ་དེ་སྲུང་བརྩི་མ་བྱས་བར་དུ་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུའི་དོགས་འཆར་བྱུང་མེད་པ་རེད།