གོང་རིམ་ནས་བརྡ་ལན།

“ང་ཚོས་རེ་བ་ལ་ཅེག་དམར་ཤོག་ཚོགས་པའི་དབུས་ལྷན་ཚོགས་དང་ལྷན་དུ་ཅེག་སི་ལོ་ཝ་ཀི་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་མི་སེར་རྒྱལ་ཁབ་ཀྱི་གཞུང་དང་དེ་བཞིན་མཐོ་རིམ་མི་སྣ་གཞན་ཚོས་གནས་སྟངས་འདི་ལ་དཔགས་པའི་ཆབ་སྲིད་ཀྱི་དགོས་མཁོ་ལག་བསྟར་བྱས་ནས་སྲིད་དོན་ཚོགས་པ་དང་དེ་བཞིན་ངལ་རྩོལ་གྲལ་རིམ་རྣམས་ཁ་ཕྱོགས་ལེགས་པའི་ཕྱོགས་སུ་འཁྲིད་རྒྱུ་དང། སྲིད་དོན་ཚོགས་པ་ཡིད་ལ་བཅངས་པའི་ཐོག་ནས་ཝན་སི་ལ་སི་ཡི་དོན་རྐྱེན་ཁྲོད་ནས་བྱུང་བའི་སྤྱི་ཚོགས་རྒྱབ་འགལ་དང་སོ་ཝི་ཊ་ལ་རྒྱབ་འགལ་གྱི་དཀྲོག་རྐྱེན་བཟོ་མཁན་གྱི་ལས་འགུལ་འདི་ལ་རིན་ཐང་ཇི་ཙམ་ལྡན་མིན་དབྱེ་ཞིབ་བྱེད་དགོས།”

Leonid llyich Brezhnev དང་ Alexei Nikolayevich Kosygin གཉིས་ཀྱིས་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༢ཉིན་བཏང་གནང་བའི་ཡི་གེ་ཞིག།།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཟླ་ཕྱེད་ཙམ་ལ་གཞུང་དང་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་རྣམས་ཀྱིས་དམིགས་ཡུལ་གཙོ་བོ་ནི་ཅེག་སི་ལོ་ཝ་ཀི་ཡའི་ནང་གི་གནས་ཚུལ་རྣམས་ཡལ་དུ་བཅུག་ནས་དུ་ཁས་མནར་བའི་མི་དམངས་རྣམས་ལ་སྟངས་འཛིན་བྱེད་རྒྱུ་དེ་རེད། ཆབ་སྲིད་མི་སྣ་མང་ཆེ་ཤོས་ཀྱིས་ཡཱན་པ་ལ་ཁའི་རང་སྲོག་བློས་བཏང་བྱས་པ་འདི་ལ་སེམས་སྡུག་ཡོད་ཚུལ་གླེང་གི་ཡོད་ནའང་ཁོང་ཚོས་ཡཱན་པ་ལ་ཁའི་བྱེད་སྟངས་འདི་ལ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་དང། ཁོང་ཚོས་སློབ་གཉེར་བའི་ལས་འགུལ་བ་དང་མཉམ་དུ་ཐེངས་མང་ཚོགས་འདུ་བྱུང་ཡོད་ཀྱང་ཁོང་ཚོས་ལས་འགུལ་བ་རྣམས་ཀྱིས་བཏོན་གནང་བའི་ “གྲོས་མོལ་ཡོང་ཐབས་བྲལ་བ། non-negotiable”ཞེས་པའི་དོན་ཚན་ལ་མུ་མཐུན་བྱས་མེད།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༩ཉིན་མངའ་སྡེ་གཞུང་བདེ་སྲུང་མི་སྣ་རྣམས་སྤྱི་ལོ་༡༩༦༨ལོའི་ཟླ་བ་༨པའི་ནང་བཙན་འཛུལ་རྗེས་ཀྱི་དོགས་ཟོན་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཏུ་གྱུར། དེའི་ཉིན་རྗེས་མ་ལ་སྲིད་གཞུང་གི་གསར་འགོད་འབྲེལ་མཐུན་ལྷན་ཚོགས་ཀྱིས་རྩོམ་སྒྲིག་པ་རྣམས་ལ་གཞུང་འབྲེལ་གྱི་བརྡ་ཁྱབ་ཁོ་ན་ལས་གཞན་འདོན་སྤེལ་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས། ཕྱི་རྒྱལ་གྱི་གསར་འགོད་པ་༡༦རྒྱང་འཕུད་དུ་བཏང། ཉིན་དེར་གྷུ་སི་ཊ་ཝ་ཧུ་སག་(Gustáv Husák)སྣེ་ཁྲིད་འོག་དབུས་སི་ལོ་ཝག་(Slovak)དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཚོགས་སྦར་ཏི་སི་ལ་བ་(Bratislava)རུ་ཚོགས་འདུ་འཚོགས་ཡོད་ཅིང་དེའི་མཇུག་འབྲས་ནི་གྲོས་ཆོད་ཅིག་བཞག་ཡོད་པ་དེ་ནི་འཇིགས་སྐུལ་བྱས་པ་རང་རེད། ཕྱོགས་གཞན་ཞིག་ན་ཅེག་གཞུང་གིས་མཐོ་རིམ་སློབ་མ་རྣམས་ལ་གྲོས་ཆོད་ཀྱི་ལག་བསྟར་ཞིག་གི་ནང་དུ་པ་རཱག་ཙམ་མ་ཟད་མི་དམངས་ཀྱི་དུར་འཇུག་གྱི་བྱེད་སྒོ་ཞིག་སྤེལ་ཆོག་པའི་བཀའ་འཁྲོལ་གནང་ཡོད།

>>>

ལི་བྷེ་ཉ་(Libeňཔ་རཱག་གི་མངའ་སྡེའི་ནང་དུ་ཡོད།)ནང་ཡོད་པའི་ཅེག་དམར་ཤོག་ཚོགས་པའི་ཚོགས་མི་ཁ་ཅིག་གིས་རང་ཤི་རྒྱག་མིན་གྱི་གནད་དོན་ཐད་ལ་གླེང་སློང་བྱུང་ཡོད་ཅིང་དེ་ནི་ཡཱན་པ་ལ་ཁ་ལ་བསྙོན་འཛུགས་ཀྱི་དམའ་འབེབས་བྱས་པ་ཞིག་ཡིན་པར་ནན་སྐུལ་བྱས། སྤྱི་ལོ་༡༩༦༩ལོའི་སྤྱི་ཟླ་༢པའི་ཚེས་༢༩ལ་སྤྱི་འཐུས་ཝི་ལེམ་ནོ་ཝི་(Vilém Nový)ཀྱིས་གྲང་ངར་གྱི་མེ་ལྕེ་(Cold Fire)ཞེས་པའི་རྣམ་གཞག་ཅིག་AFPགསར་ལམ་ཁང་དུ་ངོ་སྤྲོད་བྱས་ཡོད། དེའི་ནང་ཁོང་གིས་མི་བདེན་རྫུན་སྒྲིག་གི་སྒོ་ནས་བརྗོད་གསལ། ཡཱན་པ་ལ་ཁས་ངེས་པར་དུ་གཤེར་ཁུ་དེ་འབར་བྱའི་རང་བཞིན་ཡིན་པ་དང་དེས་ཁོང་ཉིད་འཚིག་གི་མེད་པར་ཤེས་དགོས། འོན་ཀྱང་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་མདོག་གི་ཕྱི་ཚུལ་གྱི་ཟོག་རྫུའི་རྣམ་པ་དེ་ལམ་ལྷོངས་མ་བྱུང་བར་ཡཱན་པ་ལ་ཁ་མེས་འཚིག་པ་རེད། དེར་གཡས་ཕྱོགས་ཤོག་ཁག་གི་རྩོམ་པ་པོ་དང་གསར་འགོད་པ་ཚོས་དྲང་བདེན་ལ་འཁྱོག་བཤད་བྱས་པ་རང་རེད། ཅེས་བརྗོད་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡ཚེས་༢༣ལ་Alexandr Dubček དང་Oldřich Černík གཉིས་ཀྱིས་Leonid llyich Brezhnev (CPSUདྲུང་ཆེ་དང་པོ།)དང་ Alexei Nikolayevich Kosygin (ཨུ་རུ་སུའི་བཀའ་ཤག་ལྷན་ཚོགས་ཀྱི་ཚོགས་གཙོ།) གཉིས་ལ་བསྐུར་བའི་འཕྲིན་ཡིག་ནང་དུ་རྣམ་གཞག་འདིའི་འབྱུང་ཁུངས་ཀྱི་སྐོར་གསལ་ཡོད།

སོ་ཝེ་ཏྲའི་ལྷན་ཚོགས་ཀྱི་འཐུས་མི་ཚོས་ཅེག་སི་ལོ་ཝ་ཀི་ཡའི་གནས་སྟངས་ལ་སེམས་འཚབ་ཡོད་ཚུལ་དང་ཡཱན་པ་ལ་ཁ་ནི་རྒྱུད་སྐུལ་བྱེད་མཁན་དེ་ཆགས་ཡོད་ཚུལ་འཕྲིན་ཡིག་ནང་འགྲེལ་བརྗོད་བྱས་ཡོད།

>>>