གལ་ཆེའི་ལོ་ཚིག་རྣམས་བསྟན་རྩིས་ལྟར་བཀོད་པ།

འདི་ན་ཁྱེད་ཀྱིས་ཡཱན་པ་ལ་ཁའི་མི་ཚེའི་ནང་གི་དོན་རྐྱེན་གལ་ཆེན་ཁག་གི་དུས་རིམ་རྣམས་གཟིགས་ཐུབ།

སྤྱི་ལོ་༡༩༤༨ཟླ་བ་༨ཚེས་༡༡་ལ་ཡཱན་པ་ལ་ཁ་པ་རཱག་ནང་གི་ལོན་ཌོན་ (Londýnská) སྲང་ལམ་ན་ཡོད་པའི་སྨན་ཁང་ཞིག་ཏུ་སྐྱེས།
སྤྱི་ལོ་༡༩༥༤༩ཚེས་༡ལ་ཝི་ཤེ་ཏ་ཏི་ (Všetaty) གཞི་རིམ་སློབ་གྲྭར་འགྲོ་འགོ་བརྩམས།
སྤྱི་ལོ་༡༩༦༢ལོའི་ཟླ་བ་༡ཚེས་༣་ལ་ཁོང་གི་ཨ་ཕ་ཡོ་སེབ་པ་ལ་ཁ་ (Josef Palach) སྨན་ཁང་དུ་གྲོངས།
སྤྱི་ལོ་༡༩༦༣ཟླ་བ་༩ཚེས་༡ལ་མེལ་ནིག་ (Mělník) འབྲིང་རིམ་སློབ་གྲྭར་འགྲིམས་འགོ་བརྩམས།
སྤྱི་ལོ་༡༩༦༦ཟླ་བ་༦ནང་འབྲིང་རིམ་སློབ་གྲྭར་མཐར་ཕྱིན་ནས་པ་རཱག་གི་དཔལ་འབྱོར་རིག་པའི་གཙུག་ལག་སློབ་ཁང་དུ་ཞུགས།
སྤྱི་ལོ་༡༩༦༧ཟླ་བ་༦ཚེས་༢༦། བདུན་ཕྲག་ཁ་ཤས་རིང་སོ་བེ་ཏའི་ལྷན་ཚོགས་སུ་བསྡད།
སྤྱི་ལོ་༡༩༦༨ཟླ་བ་༣པའི་ནང་ཟུང་འབྲེལ་ཐོག་ནས་དཔལ་འབྱོར་གཙུག་ལག་སློབ་ཁང་གི་སློབ་གཉེར་བའི་ཚོགས་པ་དབུ་བརྙེས།
སྤྱི་ལོ་༡༩༦༨ཟླ་བ་༦ཚེས་༣༠ལ་ལི་ཉེན་གྷ་རི་(Leningrad) ཕྱོགས་སུ་བདུན་ཕྲག་ཁ་ཤས་རིང་ལས་རྩོལ་དུ་ཞུགས།
སྤྱི་ལོ་༡༩༦༨ཟླ་བ་༨ཚེས་༡༧ལ་སོ་བེ་ཏའི་ལྷན་ཚོགས་ནས་རང་ཁྱིམ་དུ་ལོག
སྤྱི་ལོ་༡༩༦༨ཟླ་བ་༨ཚེས་༢༡། བཙན་འཛུལ་གྱི་ཉིན་དང་པོ་སྟེ། ཁོང་ཉིད་ཝི་ཤེ་ཏ་ཏི་(Všetaty)ནས་པ་རཱག་རུ་བསྐྱོད་དེ་རྔམ་སྟོན་ཁྲོམ་སྐོར་ཁྲོད་དུ་མཉམ་ཞུགས་བྱས།
སྤྱི་ལོ་༡༩༦༨ཟླ་བ་༡༠ཚེས་༡ལ་ཡོ་རོབ་དང་ནུབ་ཕྱོགས་རྒྱལ་ཁབ་དུ་ཐོག་མ་འགྲུལ་བསྐྱོད་བྱས་ཏེ་ཧྥ་རན་སི་ལ་ལས་ཀ་བྱས།
སྤྱི་ལོ་༡༩༦༨ཟླ་བ་༡༠ཚེས་༡༩ཉིན་ཧྥ་རན་སི་ནས་ཕྱིར་ཁྱིམ་དུ་ལོག
སྤྱི་ལོ་༡༩༦༨ཟླ་བ་༡༠པའི་ནང་པ་རཱག་ཆར་ལི་སི་གཙུག་ལག་སློབ་ཁང (Faculty of Arts, Charles University in Prague)་གི་རིག་གནས་སྡེ་ཚན་དུ་སློབ་ཞུགས་བྱས།
སྤྱི་ལོ་༡༩༦༨ཟླ་བ་༡༠ཚེས་༢༨་ལ་ནིས་ (Lány) སུ་ཡོད་པའི་ཏེ་གྷེ་མ་ས་རིག་ T. G. Masarykགི་དུར་ས་མཇལ་དུ་སོང་།
སྤྱི་ལོ་༡༩༦༨ཟླ་བ་༡༡ཚེས་༧ལ་པ་རཱག་གི་ཁྲོམ་དུ་ཅེག་སི་ལོ་ཝ་ཀི་ཡར་ (Czechoslovakia) བཙན་འཛུལ་བྱས་པར་ངོ་རྒོལ་གྱེན་ལངས་ཁྲོད་ཞུགས།
སྤྱི་ལོ་༡༩༦༨ཟླ་བ་༡༡ཚེས་༡༨ནས་༢༡བར་ཆར་ལི་སི་གཙུག་ལག་སློབ་ཁང་དུ་བཙན་འཛུལ་རྒོལ་རྡུང་བྱས།
སྤྱི་ལོ་༡༩༦༨ཟླ་བ་༡༢ཚེས་༦ལ་གཙུག་ལག་སློབ་ཁང་གི་ཡིག་རྒྱུགས་མཐར་མ་འཕྲོད་པ་གྱུར།
སྤྱི་ལོ་༡༩༦༨ཟླ་བ་༨ཚེས་༢༤ལ་ཝི་ཤེ་ཏ་ཏི་ལ་ཡོད་པའི་རཱོ་མན་ཁེ་ཐོ་ལིག་ (Roman Catholic) ཆོས་ཁང་གི་མཚན་མོའི་འདུ་ཚོགས་སུ་མཉམ་ཞུགས་བྱས།
སྤྱི་ལོ་༡༩༦༨ཟླ་བ་༡༢ཚེས་༢༥ལ་ལི་བྷི་ཤི་རུ་ཡོད་པའི་ཡེ་ཤུའི་ཆོས་ཁང་གི་སྲི་ཞུ་ཁྲོད་དུ་མཉམ་ཞུགས་བྱས།

>>>

སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༦ལ་སློབ་གཉེར་བའི་ཚོགས་གཙོ་ལུ་བྷོ་མིར་ཧོ་ལ་ཅེག་ (Lubomír Holeček)ལ་ཅེག་རླུང་འཕྲིན་ཁང་བདག་བཟུང་བྱས་ཏེ་ཡོངས་ཁྱབ་ཀྱི་ངོ་རྒོལ་བྱེད་དགོས་པའི་འཕྲིན་བརྡ་སྤྲིངས།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༥ལ་རང་གི་ཨ་ཞང་ཧྥེར་ཌི་ནན་དྷི་ཀོ་སི་ཊོ་མ་ལཱད་སི་ཀི་ Ferdinand Kostomlatskýལགས་ཀྱི་དུར་མཆོད་ལ་བཅར།
སྤྱི་ལོ་༡༩༦༩ཟླ་བ་༡་ཚེས་༡༦ཉིན་གྱི་ཞོགས་པ་ཆུ་ཚོད་༦པའི་ཐོ་ཝི་ཤེ་ཏ་ཏི་ནས་པ་རཱག་རུ་མེ་འཁོར་དུ་བཞུད།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༦ཉིན་གྱི་ཞོགས་པའི་ཆུ་ཚོད་༨པ་ཙམ་ལ་སི་པོར་ལོ་སྡོད་ཁང་དུ་འབྱོར་རྗེས་གྱེས་ཕྱག་ཡི་གེ་མི་འདྲ་བ་བཞི་བྲིས་ཏེ་མཇུག་ཏུ་དཔལ་འབར་ཨང་༡ཞེས་ས་ཡིག་བཀོད།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༦གི་ཞོགས་པའི་ཆུ་ཚོད་༡༡ཙམ་ལ་སྡོད་ཁང་ལས་གྱེས་རྗེས་སྦྲག་ཤོག་དང་སྦྲག་འཛིན་ཉོས་ཏེ་ཁོང་གི་གྱེས་ཕྱག་ཡི་གེ་གསུམ་པོ་དེ་བསྐུར།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༦གི་ཞོགས་པའི་ཆུ་ཚོད་༡༡ནས་༡༢དང་ཕྱེད་ཀ་ལ་ནཱ་པཱོ་རི་སི་སྲང་ལམ་ཨང་༢༢་ལ་འགྱིག་དམ་གཉིས་ཉོས་ཏེ་ཨོ་པི་ཀྲ་ལོ་ཝའི་སྲང་ལམ་ཨང་༩ པ་རུ་ས་སྣུམ་བླུགས་ནས་ཝན་སི་ལ་སི་བཞི་མདོ་རུ་ཕྱིན།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༦གི་ཉིན་རྒྱབ་ཆུ་ཚོད་༢དང་སྐར་མ་༢༥ཙམ་ལ་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་འཐོར་ཆུ་ཡོད་སར་འབྱོར་རྗེས་རང་ལུས་མེ་རུ་སྒྲོན།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༦གི་ཉིན་རྒྱབ་ཆུ་ཚོད་༢དང་སྐར་མ་༤༥ཙམ་ལ་ནང་སྲིད་ལས་ཁུངས་ཀྱི་མྱུར་སྐྱོབ་རླངས་འཁོར་གྱིས་ལི་ཇི་རོ་ཨ་སྲང་ལམ་དུ་ཡོད་པའི་འགྱིག་ཚི་གཤག་བཅོས་ཁང་དུ་བསྐྱལ།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༧གྱི་ཞོགས་པའི་ཆུ་ཚོད་༡༠དང་སྐར་མ་༣༠ནས་ཆུ་ཚོད་༡༡ལ་ཁོང་གི་ཨ་མ་དང་གཅེན་པོ་གཉིས་ཐུག་འཕྲད་དུ་བསླེབས།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༧གྱི་ཞོགས་པ་དེར་སེམས་ཁམས་སྨན་པ་ཛ་དན་ཀ་ཀུ་མུ་ནི་ཁོ་བ་ཡིས་ཡཱན་པ་ལ་ཁ་ལ་བཅར་འདྲི་བྱས།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༩ལ་ཁོང་གི་གྲོགས་པོ་ཨི་ཝ་སྦི་ཏྲི་ནཱ་རི་ཀོ་བ་དང་མཐོ་སློབ་ཀྱི་ལས་འགུལ་བ་ལུ་བྷོ་མིར་ཧོ་ལ་ཅེག་གཉིས་ཐུག་འཕྲད་དུ་བསླེབས་ཞིང་ཕྱིས་སུ་ཁོང་གི་ཆེས་མཐར་མཇུག་གི་ཞལ་ཆེམས་རྣམས་འགྲེལ་བཤད་བྱས།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༩ ཡི་ཕྱི་དྲོ་ཆུ་ཚོད་༣དང་སྐར་མ་༣༠ཐོག་ཡཱན་པ་ལ་ཁ་ལི་ཇི་རོ་ཨ་སྲང་ལམ་གྱི་སྨན་ཁང་དུ་གྲོངས།
སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༢༠ཉིན་མང་ཚོགས་ཀྱིས་ཡཱན་པ་ལ་ཁའི་རྗེས་དྲན་མཛད་སྒོ་ཞིག་སྤེལ་བའོ།།

>>>
>>>