ཆབ་སྲིད་རྩོད་ལེན་གྱི་རང་ལུས་མེར་སྲེག

“ནམ་མཁའ་སྔོ་ཐིང་ངེར་འདུག་ལ། རོལ་དབྱངས་དེ་བསྟུད་མར་གྲགས་པས། ངས་ཞི་བདེའི་ཕུག་རོན་དྲན་བྱུང་།ཡོད་ཚད་སྔར་རྒྱུན་ལྟར་ཕྱིར་ལོག་སོང་།”

གྷ་རེཛི་ན་ནེཛ་གྷོ་ཌ་(Grazyna Niezgoda)གི་རི་ཞར་ཌི་ཤི་ཝེ་ཡི་ཙི་(Ryszard Siwiec)གི་རང་ལུས་མེར་སྲེག་དྲན་རྟེན།

སྤྱི་ལོ་ ༢༠༠༥ ལོར་དབྱིན་ཇི་སྤྱི་ཚོགས་རིག་གནས་པ་མཡི་ཁེལ་བྷིགས་(Michael Biggs)གིས་ཉམས་ཞིབ་བྱས་པ་ཞིག་པར་འགྲེམས་བྱས་ཡོད་ཅིང་། དེའི་ནང་རང་ལུས་མེར་སྲེག་དེ་ཆབ་སྲིད་རྩོད་ལེན་གྱི་ཆེས་མཐོའི་ངོ་བོ་ཞིག་ཡིན་པའི་དཔྱད་པ་ཞིབ་ཚགས་བྱས་ཡོད། སྤྱི་ལོ་ ༡༩༦༣ ཟླ་བ་ ༦ ཚེས་ ༡༡ ཉིན་ཐཱེ་ཁ་ཁུན་དུའུ་ཁ་(Thich Qu-Ang Duc)གིས་རང་ལུས་མེར་སྲེག་བཏང་བའི་དུས་དེ་ནས་ཁོང་གིས་ཉམས་ཞིབ་བྱ་རྒྱུ་འགོ་བཙུགས་པ་རེད། ཐཱེ་ཁ་ཁུན་དུའུ་ཁས་རང་ལུས་མེར་སྲེག་བཏང་བ་དེ་ནི་ཧང་སང་དགོས་པའི་བྱ་བ་དེ་འདྲ་བརྩམས་ནས་ལྷོ་བེ་ཏི་ནམ་

(SouthVietnam)སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ནང་པའི་དགེ་འདུན་པ་མང་པོ་བྱུང་བའི་ཁྲོད་ནས་ཐོག་དང་པོ་དེ་ཆགས་པ་རེད། དེ་ནས་ཟླ་བ་གཉིས་ཀྱི་རྗེས་ལ་ས་ཡི་གྷོན་ (Saigon) དུ་རང་ལོ་ཉི་ཤུར་སོན་པའི་བཙུན་མ་གཅིག་ཚུད་པའི་མི་གཞན་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་བ་རེད། ནང་པ་དེ་ཚོས་བྱ་བ་འདི་བརྩམས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ནི་ཁོང་ཚོའི་དགྲ་བོ་རྣམས་ཀྱི་སེམས་ལ་གཡོ་འགུལ་གཏོང་བ་དང་། ཆོས་ལུགས་ཀྱི་བཟོད་སྒོམ་ལ་གུས་བརྩི་བྱེད་དགོས་པའི་འབད་བརྩོན་བྱེད་ཆེད་རེད། ཁོང་ཚོས་བྱ་བ་དེ་ནི་ཐ་གཅིག་ཏུ་གཞན་ཕན་གྱི་བློས་བཏང་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད། ཧྥ་རན་སི་ཉམས་ཞིབ་པ་མར་ཊིན་ མོ་ནེས་ཊིཡར་(Martin Monestier)གིས་བཤད་པར་བལྟས་ན། ངོ་རྒོལ་འདི་རིགས་ནི། ཁོང་ཚོས་མི་མང་ཡར་ལངས་ཀྱི་བརྒྱུད་སྐུལ་བྱས་ནས། སྲིད་གཞུང་གི་ཁ་གཏད་ལ་ལངས་ཏེ་ཁོང་ཚོའི་དགོས་འདུན་རྣམས་ལག་བསྟར་བྱ་དགོས་པའི་གནོད་ཤུགས་སྤྲོད་རྒྱུ་བཅས་ཡིན་པས་རྒྱུ་མཚན་ལྡན་པ་དང་གནས་ལུགས་ཡོད་པར་ངོས་འཛིན་ཆོག གང་ལྟར་ཡང་། རྒྱུན་ལྡན་ཆོས་ལུགས་སམ་རིག་གཞུང་དང་འབྲེལ་བའི་ལམ་ནས་རང་སྲོག་བཅད་དེ། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་རང་ལུས་མེར་སྲེག་བྱེད་པ་དེ་མང་ཚོགས་ཀྱིས་འཕྱ་སྨད་བྱ་ཡུལ་དུ་ཡང་འགྱུར་སྲིད། དོན་རྐྱེན་དེ་ཕལ་ཆེ་བ་སེམས་ཁམས་དང་སྒེར་གྱི་གནས་དོན་གྱིས་རྐྱེན་སློང་གི་ཡོད་མོད་ཀྱང་། མེར་སྲེག་གི་ངོ་རྒོལ་དེ་ལ་ལད་མོ་བྱེད་མཁན་ནི་ཡང་སེང་འབྱུང་གིན་ཡོད།

དོན་རྐྱེན་འདི་དག་གིས་མང་ཚོགས་འགུག་ཡག་དང་གསར་ལམ་དུ་ཁྱབ་སྤེལ་གཏང་རྒྱུ་རྣམས་ནི་གནད་ཆེ་ཆཊ་ཡོད། རྒྱུ་མཚན་དེའི་ཕྱིར་འཚང་ཀ་ཡོད་པའི་གྲོང་སྡེའི་བཞི་མདོ་དང་དམིགས་བསལ་ས་གནས་ཁག་ཏུ་རང་ལུས་མེར་སྲེག་ཡང་ཡང་གཏོང་གི་ཡོད། ས་ཡི་གྷོན་(Saigon)སྲང་ལམ་ཁག་ཏུ་རང་ལུས་མེར་སྲེག་གཏོང་མཁན་གྲྭ་པ་དེ་དག་ནུབ་ཕྱོགས་པའི་གསར་འགོད་པས་བླངས་པའི་པར་དང་བརྙན་འཕྲིན་ནང་ཐོན་ཡོད། གསར་འགོད་པ་དེ་དག་སྔོན་ནས་བོས་པ་དེ་འདྲ་ཡིན། གསར་འགྱུར་བརྒྱུད་ལམ་གྱིས་ནང་པ་དེ་རྣམས་ཁོང་ཚོའི་རྗེས་འཇུག་རིག་གཞུང་གཞན་པའི་མི་རྣམས་ལ་སེམས་འགུལ་ཐེབས་བཅུག་ཡོད། སྤྱི་ལོ་ ༡༩༦༣ བར་ལོ་བཅུའི་ནང་ཡོ་རོབ་ནང་ལ་རང་སྲེག་དོན་རྐྱེན་ལྔ་གཅིག་པུ་ལས་བྱུང་མེད། འོན་ཀྱང་དེའི་རྗེས་ཀྱི་ལོ་བཅུའི་ནང་གྲངས་འབོར་དེ་ ༡༡༧ བར་འཕར་བ་རེད། ནང་པའི་དགེ་འདུན་པ་རྣམས་ཀྱི་རང་སྲེག་དོན་རྐྱེན་དེས་ཨ་རིའི་མི་མང་ཁྲོད་ལ་ཤུགས་རྐྱེན་ཆེན་པོ་སྤྲད་པས། སྤྱི་ལོ་ ༡༩༦༠ རེ་གྲངས་ནས་༡༩༧༠ དོན་གྲངས་ནང་། མི་ཁག་ཅིག་གིས་ཨ་རིའི་དམག་མི་བེ་ཏི་ནམ་དམག་འཁྲུག་ནང་འཛུལ་བར་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད། མཡི་ཁལ་བྷིགས་གིས་ སྤྱི་ལོ་ ༡༩༦༣ ནས་ ༢༠༠༠ ལོའི་དུས་ཡུན་བར། ཁུངས་སྐྱེལ་ཐུབ་ངེས་ཡོད་པའི་རང་སྲེག་དོན་རྐྱེན་ ༥༣༣ དཔྱད་ཞིབ་བྱས་ཡོད་པ་རེད།(རང་ལུས་མེར་བསྲེགས་དངོས་སུ་བྱས་པ་དང་འབད་བརྩོན་བྱས་པ་རྣམས་རོབ་རྩིས་བྱས་ན་གྲངས་འབོར་ཁྱོན་༨༠༠ ནས་ ༣༠༠༠ ཙམ་ཟིན་ཡོད་པ་རེད།) དེ་ལས་ང་ཚོས་ཤེས་རྟོགས་ཐུབ་པ་ནི་རང་ལུས་མེར་བསྲེགས་མང་ཤོས་ནི་ཡེ་ཤི་ཡའི་ནང་གི་ཧིན་དྷུ་དང་ནང་པའི་རིག་གཞུང་ཤུགས་ལྡན་པ་རྣམས་ཀྱིས་གནོད་འཚེ་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། དེ་བཞིན་ཆོས་ལུགས་དང། རིགས་རུས། མི་རིགས་བཅས་ཀྱི་འགལ་ཟླའི་རྩོད་རྙོག་ལྡན་པ་རྣམས་སོ།། ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་མང་ཤོས་བྱེད་མཁན་ཏུར་ཀི་(Turkey)ཀྱི་ཕྱི་རོལ་དུ་ཡོད་པའི་ཀའུར་ཌ་སེ་(Kurds)རྣམས་ནི་རེའུ་མིག་༼༡དང་༢པར་གཟིགས།༽

ཆེས་མཐའ་མའི་རང་ལུས་མེར་བསྲེགས་ཀྱི་གཡོ་རླབས་གཉིས་པོ་དེ་ནི་བྱང་ཨ་ཧྥི་རི་ཀའི་༼དམིགས་བསལ་དུ་ཏུའུ་ནི་ཤི་ཡའི་༽ནང་དང་རྒྱ་མིས་བོད་བཙན་འཛུལ་བྱས་པར་བོད་པ་ཚོས་ངོ་རྒོལ་བྱེད་བཞིན་པ་དེ་ཆགས་ཡོད། བོད་ཀྱི་རང་དབང་གནས་བསྡུས་རེའུ་མིག་(Free Tibet data)ལྟར་ན་སྤྱི་ལོ་༢༠༡༡ཟླ་བ་༡༡ནས་སྤྱི་ལོ་༢༠༡༢ལོའི་ཟླ་བ་༡༡བར་དུ་བོད་མི་༩༠ཡིས་རང་ལུས་མེར་བསྲེགས་གནང་ཡོད་འདུག ། ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་མཁན་མང་ཤོས་དེ་ཀྲ་ཀིས་ཀྱི་ཕྱི་ལོག་ཏུ་བསྡད་མཁན་གྱི་ཀའུར་ཌ་སེ་རྣམས་ཆགས་ཡོད་༼རེའུ་མིག་༡དང་༢ལ་གཟིགས།༽།

ཨེ་སི་ཏྲན་སྦི་ལོཀ་(Eastern Bloc)ཏུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་པོ་དེ་ནི་སྤྱི་ལོ་༡༩༦༨ལོར་བྱུང་ཡོད་༼རེའུ་མིག་༣གཟིགས།༽ དོན་རྐྱེན་འདི་ཡང་ནང་པའི་གྲྭ་པ་ཚོས་བློ་བསྐྱེད་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་པོ་རེད། ཁོང་གི་བྱ་སྤྱོད་དེ་ལ་དམར་ཤོག་དྲིལ་བསྒྲགས་པ་ཚོའི་འགྲེལ་བཤད་ནང་ཁོས་ཨ་རི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱས་པ་རེད་ཅེས་རྟག་ཏུ་རྗེས་དྲན་ཞུ་བཞིན་མཆིས། དམར་ཤོག་རྒྱལ་ཁབ་ཁག་དང་དེ་བཞིན་ལྷོ་ཝི་ཏི་ནམ་གྱི་ནང་པ་ཚོས་རང་ལུས་མེར་བསྲེགས་ནི་སྤྱི་ཚོགས་ཀྱི་གྱེན་ལངས་ཆེད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་སྲིད་དབང་དང་སྡུག་རྩུབ་ཀྱི་དྲག་གནོན་ལ་ཕས་རྒོལ་བྱེད་ཆེད་ཡིན་པ་རེད། ཁོང་ཚོའི་དམིགས་ཡུལ་དང་རེ་བ་ནི་རྩ་འཛིན་བཅས་མི་འདྲ་བ་སོ་སོར་ཡོད་མོད། ཨེ་སི་ཏྲན་སྦི་ལོཀ་(Eastern Bloc)ཏུ་རང་ལུས་མེར་བསྲེགས་དང་པོ་བཏང་མཁན་ནི་རི་ཞར་ཌི་ཤི་ཝེ་ཡི་ཙི་(Ryszard Siwiec)ལགས་རེད། ཁོང་ནི་པོ་ལི་ཤི་ཡའི་མི་མང་ཞབས་ཞུ་བ་ཞིག་ཡིན་པ་དང་ཁོང་གིས་ཟླ་བ་བརྒྱད་པའི་ནང་དུ་ཅེག་སི་ལོ་ཝ་ཀི་ཡ་ལ་ཝཱར་སོ་ཝ་པེག་རྒྱལ་ཁབ་ལྔ་(Five Warsaw Pact countries)ཡིས་བཙན་འཛུལ་ལ་ངོ་རྒོལ་ཆེད་དུ་རང་ལུས་མེར་བསྲེགས་བྱས་ཡོད། འོན་ཀྱང་༡༩༦༨ལོའི་ཟླ་བ་༩ཚེས་༨ཀྱི་དོན་རྐྱེན་དེ་ནི་རེ་བ་ལྟར་གྲུབ་འབྲས་ཐོན་མེད་པར་བརྟེན་གསང་བའི་ཉེན་རྟོག་ཁང་དུ་ཅུང་ཟད་གནས་ཡོད་པ་ལས་དེ་མིན་རིམ་བཞིན་བརྗེད་པ་རེད། འོན་ཀྱང་པ་ལ་ཁའི་རང་ལུགས་མེར་བསྲེགས་དེ་ནི་གཞན་དང་མི་འདྲ་བའི་ནུས་ཤུགས་ཆེན་པོ་ཞིག་ཐོན་ཡོད་པ་དང་དེ་ནི་ཅེག་སི་ལོ་ཝ་ཀི་ཡ་ཙམ་མ་ཟད་ཕྱི་རྒྱལ་ཁག་ཏུ་ཡང་ཁྱབ་ཡོད། མི་དམངས་ཀྱི་ཡ་ལན་རྣམས་ ཨེ་སི་ཏྲན་སྦི་ལོཀ་(Eastern Bloc)ཏུ་ཡོད་པའི་དམར་པོའི་གསར་འགྱུར་ཏུ་ཡང་ཐོན་ཡོད་པ་རེད། དེ་རྗེས་ཀྱི་ཟླ་བའི་ནང་དུ་མི་མང་དག་ཞིག་གིས་ཡཱན་པ་ལ་ཁའི་རྗེས་སུ་འབྲང་ཡོད་དེ། དེ་དག་ལས་ཁག་ཅིག་ནི་ཅེག་མི་རིགས་(ཡཱན་ཛྷ་ཡི་ཙི ། ཨེས་ཛན་པེ་ལོ་སེཀ)དང་། ཁག་ཅིག་རྒྱལ་ཁབ་གཞན་ནས་བསླེབས་པ་རེད་(ཤན་དྷོར་སྦའུ་ཝེར Sandor Bauer། ཁོང་ནི་ཧང་གྷི་རིའི་གཞོན་སྐྱེས་ཤིག་རེད། ཨེ་ལི་ཇྷ་ཧུ་རིབ་སི་Elijahu Rips། རང་ལོ་ཉི་ཤུ་ཡིན་པའི་ཇིའུ་དང་ལཱ་ཏིན་སློབ་གཉེར་བ་ཞིག)། སྤྱི་ལོ་༡༩༧༢ཟླ་བ་༥ཚེས་༡༤ལ་རང་ལོ་༡༩ཡིན་པའི་ལས་རྩོལ་བ་རཱོ་མ་སི་ཀ་ལན་ཏཱ་(Romas Kalanta)ཡིས་ཀཱའུ་ཎ་སི་(Kaunas)རུ་རང་ལུས་མེར་བསྲེགས་བྱས་ཏེ་ལི་ཐུའུ་ནི་ཡ་(Lithuania)ཡིས་བཙན་འཛུལ་ངོ་རྒོལ་བྱས་ཡོད་ཅིང་། ཁྲོམ་ལམ་གང་སར་གྱེན་ལངས་ཟིང་འཁྲུགས་དང་གཡོ་རླབས་གསར་པ་ཞིག་བྱུང་ཡོད། སྤྱི་ལོ་༡༩༧༦ཟླ་བ་༨ཚེས་༡༨ཉིན་གནམ་བདག་ཡེ་ཤུའི་སློབ་དཔོན་ཨོ་སི་ཀར་སྦི་རུ་སི་ཝི་ཙེ་(Oskar Brusewitz)ལགས་ཀྱིས་ཡེ་ཤུའི་ཆོས་ཁང་དང་མངའ་སྡེ་འཛིན་སྐྱོང་དབར་མཉམ་འབྲེལ་བྱས་པ་དེར་ངོ་རྒོལ་བྱས་ཏེ་རང་རྒྱལ་དུ་རང་ལུས་མེར་བསྲེག་བཏང་ཡོད་པ་དེར་ཤར་ཕྱོག་ཇ་མན་ཚོགས་པས་(East-German Society)ཁ་གསལ་ལན་འདེབས་བྱས་ཡོད། སྤྱི་ལོ་༡༩༧༨ལོའི་ཟླ་བ་༦ཚེས་༢༣ལ་ཁ་རི་མིན་ཏ་ཏར་(Crimean Tatar)ཡི་ཞིང་པའི་མིང་ལ་མུའུ་སཱ་མཱ་མུའུ་ཏ་(Musa Mamut)ཞེས་པ་ཞིག་གིས་རང་གི་ལས་རོགས་གཅིག་རང་ཡུལ་ནས་རྒྱང་འབུད་བཏང་བར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད། ཨེ་སི་ཏྲན་སྦེ་ལོཀ་(Eastern Bloc)གཞན་དུ་བྱུང་བའི་ “ཚེ་སྲོག་གི་དཔལ་འབར།”ཚོར་དོ་སྣང་དེ་ཙམ་བྱུང་མེད་པའམ་སྣང་མེད་བྱེད་པ་གང་ཡིན་ཆ་མི་འཚལ། ཁོང་ཚོས་ཁེར་རྐྱང་གིས་བྱ་སྤྱོད་སྤེལ་བར་བརྟེན་གོང་རིམ་པས་རྟག་ཏུ་ཁོང་ཚོའི་ལས་འགུལ་རྣམས་གསང་རྒྱ་བྱས་པ་མ་ཟད་ཁོང་ཚོ་ལ་ཀླད་པ་སྐྱོན་ཅན་རེད་ཅེས་ངན་ཁག་དཀྲི་ཡི་ཡོད། གནས་ཚུལ་འདི་དག་ནི་དམར་ཤོག་ཉམ་རྒུད་དུ་གྱུར་རྗེས་གཞི་ནས་ཤེས་རྟོགས་ཡོང་གི་ཡོད་པ་རེད། སྒེར་པས་བྱ་སྤྱོད་སྤེལ་མཁན་རྣམས་ལ་དེང་སང་དྲན་རྟེན་དང་རྟགས་མ་སོགས་བཞེངས་ཡོད་ཅིང། ལས་འགུལ་བ་རེ་ཟུང་ལ་དབུས་གཞུང་གི་གཟེངས་རྟགས་འདེགས་འབུལ་གྱིས་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་དོ།།

རྒྱལ་ཁབ་དང་འབྲེལ་ནས་རང་སྲེག་བྱས་པའི་མི་གྲངས། (1963-2002)

Country

No

% in total number

Per 1 million inhabitants

India

255

47.8

1.4

South Vietnam, Vietnam

92

17.3

8.0

South Korea

43

8.1

1.6

US

29

5.4

0.2

Kurds outside Turkey

14

2.6

14.0

Romania

14

2.6

1.2

USSR, former USSR

12

2.3

0.1

China

9

1.7

0.0

Pakistan

9

1.7

0.3

France

5

0.9

0.5

Japan

5

0.9

0.1

Lithuania

5

0.9

2.2

Czechoslovakia

4

0.8

0.5

East/West Germany

4

0.8

0.1

Turkey

4

0.8

0.2

Bulgaria

3

0.6

0.5

Chile

3

0.6

0.0

Taiwan

3

0.6

0.2

United Kingdom (UK)

3

0.6

0.1

Malaysia

2

0.4

0.3

Thailand

2

2.4

0.2

Other countries

13

2.4

0.0

Total

533

100.0

0.3

Source: Biggs 2005

ཉིན་བཅུའི་ནང་རང་སྲེག་བྱས་པ་གསུམ་ལས་མང་བའི་རླབས་ཤུགས། (1963-2012)

Start of the wave

Country

Motive

No

13 August 1963

South Vietnam

Buddhists vs. government

3

21 April 1965

Vietnam

Buddhists vs. government

3

11 February 1965

India

Tamils vs. government

5

29 May 1966

South Vietnam

Buddhists vs. government

13

3 October 1967

South Vietnam

Buddhists vs. government

3

22 October 1967

South Vietnam

Buddhists vs. government

4

16 January 1969

Czechoslovakia

occupation and start of “normalization”

min. 3

4 June 1970

South Vietnam

Buddhists vs. government

3

9 May 1971

South Vietnam

Buddhists vs. government

4

16 August 1971

South Vietnam

protest against election results falsification

4

29 May 1972

USSR (Lithuania)

anti-government protests

3

2 November 1975

South Vietnam

Buddhists vs. government

12

30 September 1978

Pakistan

anti-government protests

4

18 December 1987

South Korea

protest against election results falsification

3

19 May 1990

India

plea for withdrawal of Sonia Gandhi

7

19 September 1990

India

caste conflicts

208

19 November 1990

India

caste conflicts

15

29 April 1991

South Korea

anti-government protest

9

16 April 1996

South Korea

anti-government protest

3

15 February 1999

western Europe

Kurds vs. Turkey

7

24 March 2000

Romania

anti-government protests of miners

10

23 January 2001

China

(alleged) Falun Gong movement protests

7

Dec. 2010 – Jan. 2011

northern Africa

anti-government protests

min. 15

Feb. 2011 – Nov. 2012

China

Tibetan protests against Chinese occupation

min. 90

Total

min. 433

Source: Biggs 2005, adjusted and updated (self-immolations in north-African region and China during more than ten days)

སོ་ཝི་ཡ་དྷི་མཐུན་ཚོགས་རིང་ཆབ་སྲིད་དང་འབྲེལ་བའི་རང་སྲེག་བྱས་པ་ཁག་བདམས་གསེས། (1968-1989)

Date

Name

Born

Nationality

Place of protest

Country

08/09/1968

Ryszard Siwiec

1909

Polish

Warsaw

Poland

05/11/1968

Vasyl Makuch

1927

Ukrainian

Kiev

USSR

16/01/1969

Jan Palach

1948

Czech

Prague

Czechoslovakia

20/01/1969

Sándor Bauer

1952

Hungarian

Budapest

Hungary

25/02/1969

Jan Zajíc

1950

Czech

Prague

Czechoslovakia

09/04/1969

Evžen Plocek

1929

Czech

Jihlava

Czechoslovakia

13/04/1969

Ilja Rips

1948

Latvian Jew

Riga

USSR

13/02/1970

Márton Moyses

1941

Hungarian

Brasov

Romania

14/05/1972

Romas Kalanta

1953

Lithuanian

Kaunas

USSR

30/09/1972

Józef Dolak

1945

Polish

Vratislav

Poland

18/08/1976

Oskar Brüsewitz

1929

German

Zeitz

East Germany

10/02/1977

Alain Escoffier

1949

French

Paris

France

21/01/1978

Oleksa Hirnyk

1912

Ukrainian

Kaniv

USSR

23/06/1978

Musa Mamut

1931

Crimean Tatar

(Besh-Terek) Donske

USSR

17/09/1978

Rolf Günter

1947

German

Falkenstein

East Germany

21/03/1980

Walenty Badylak

1904

Polish

Krakow

Poland

02/03/1989

Liviu Babeş

1942

Romanian

Poiana Brasov

Romania

Source: Kamiński 2009, Blažek 2010

>>>

Petr Blažek: Sebeupálení jako forma radikálního politického protestu ve světě (historická studie vyšla ve sborníku Solitér. Pocta historikovi Václavu Veberovi. ÚSTR, Praha 2012, s. 339-350)