སྟ་གོན།

“ང་ཚོའི་རྒྱལ་ཁབ་འདི་ཆགས་འཇིག་གི་གནས་སུ་གྱར་བའི་མཚམས་འདིར་ང་ཚོས་ངེས་པར་དུ་དྲང་བདེན་གྱི་འབོད་སྒྲ་སྒྲོགས་ནས་གཉིད་དུ་ཡུར་བཞིན་པའི་རྒྱལ་ཁམས་དག་གཉིད་ལས་དཀྲོགས་དགོས།”

ཛཱ་སི་ལོ་ཝ་ཀི་ཡའི་རྩོམ་པ་པོའི་མཐུན་ཚོགས་ལ་ཕུལ་བའི་ཡཱན་པ་ལ་ཁའི་ཞུ་འཕྲིན། ཕྱི་ལོ་༡༩༦༩ལོའི་ཟླ་བ་༡ཚེས༡༦ཉིན།

ཕྱི་ལོ་༡༩༦༨ལོའི་ཟླ་བ་༡༠པའི་ནང་ཡཱན་པ་ལ་ཁ་ཆར་ལི་སི་གཙུག་ལག་སློབ་ཁང་གི་རིག་གནས་སྡེ་ཚན་ནང་དུ་འཛུལ་ཞུགས་བྱས། ཁོང་གི་གྲོགས་པོ་ཚོས་བརྗོད་པར་ལྟར་ན་ཁོས་ཕྱི་ལོ་༡༩༦༨ལོའི་སྟོན་ཁར་ཁྲོམ་ལམ་ཐོག་ཏུ་ངོ་རྒོལ་ཐེངས་ཁ་ཤས་བྱས་པར་གྲགས། ཕྱི་ལོ་༡༩༦༨ལོའི་ཟླ་བ་༡༡པའི་ནང་ཁོང་ཉིད་དཔའ་ངར་ཆེན་པོས་ངང་ནས་ངོ་རྒོལ་གྱེན་ལངས་ཀྱི་ནང་དུ་ཞུགས་ནའང་མཇུག་འབྲས་གང་ཡང་ཐོན་མེད། ཕྱིས་སུ་ཁོང་གི་གྲོགས་པོ་སློབ་གྲྭ་གཅིག་པའི་སློབ་གྲོགས་རྣམས་ལ་བཅའ་འདྲི་བྱས་པ་བརྒྱུད་སྐབས་དེ་ནི་ཁོང་གི་མིའི་ནང་གི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད། གནས་ཚུལ་ཁུངས་བཞག་ཐོག་བརྗོད་ན་སྐབས་དེ་ག་ཡས་མས་ཙམ་ལ་ཡཱན་པ་ལ་ཁ་ཡིས་རྣམ་པ་མི་འདྲ་བའི་ངོ་རྒོལ་ཞིག་བྱས་ཏེ་མི་དམངས་རྣམས་ཡར་ལངས་བྱེད་རྒྱུའི་ཐད་ལ་བསམ་བློ་གཏོང་བཞིན་ཡོད། ཁོང་གིས་ངོ་རྒོལ་འདྲ་མིན་གྱི་ཐད་ལ་བསམ་གཞིག་བྱེད་བཞིན་ཡོད་པ་ང་ཚོས་ཁོང་གིས་ཛཱ་སི་ལོ་ཝ་ཀི་ཡའི་རྒྱང་བསྲིང་རླུང་འཕྲིན་ལས་ཁུངས་ཀྱི་ཁང་པ་མཐའ་སྐོར་ནས་གནས་ཚུལ་རྣམས་ཕྱིར་སྒྲོག་བྱེད་རྒྱུའི་འཆར་གཞི་ལས་ཤེས་ཐུབ། ཕྱི་ལོ་༡༩༦༩ལོའི་ཟླ་བ་༡་ནང་ཆར་ལི་སི་གཙུག་ལག་སློབ་ཁང་གི་རིག་གནས་སྡེ་ཚན་གྱི་སློབ་ཕྲུག་གི་འདུ་ཚོགས་ཤིག་ལ་ཁོས་རང་གི་འཆར་གཞི་རྣམས་སློབ་གཉེར་བའི་ཚོགས་གཙོ་ལུའུ་སྦོ་མིར་ཧོ་ལེ་ཅེག་(Lubomír Holeček)ལ་ཕུལ། ཡིག་ཆ་དེ་ནི་ཉེ་ཆར་མངའ་སྡེའི་བདེ་སྲུང་ཁང་(State Security)གི་ཡིག་ཆའི་ནང་དུ་རྙེད་སོན་བྱུང་ཡོད་པ་དང་དེ་ནི་ཕྱི་ལོ་༡༩༧༠ནང་ཆར་ལི་སི་གཙུག་ལག་སློབ་ཁང་ནས་གཞུང་བཞེས་བཏང་ཡོད་པ་རེད། ཡིག་ཆ་འདི་ནི་ལམ་ལྷོངས་མ་བྱུང་བའི་ངོ་རྒོལ་དེ་དང་འབྲེལ་བ་ཡོད་པ་དང་པ་ལ་ཁ་ཡིས་ཡིག་ཆ་འདིའི་ནང་དུ་སེམས་ཤུག་ཅན་གྱི་སློབ་གཉེར་བའི་ཁྱུ་ཞིག་གིས་སྣེ་འཁྲིད་འོག་ནས་མི་དམངས་རྣམས་གྱེན་ལངས་བྱེད་དུ་འཇུག་དགོས་པའི་བསམ་ཚུལ་བཀོད་ཡོད། མ་ཟད་ཡིག་ཆ་འདིའི་ནང་པ་ལ་ཁ་ཡི་འཕྲིན་ཡིག་“དཔལ་འབར་ཨང་༡”ཞེས་དེ་ཡང་གསལ་ཡོད། ཁོང་གིས་མངོན་འདོད་ནི་དཔེར་ན་ཞིབ་བཤེར་པའི་གོ་གནས་རྣམས་མེད་པ་བཟོ་རྒྱུ་ལྟ་བུའོ།

>>>

ཡཱན་པ་ལ་ཁའི་ཞུ་འབོད་ལ་མངོན་གསལ་དོད་པོའི་ཨ་ལན་གང་ཡང་ཐོན་མེད་པར་བརྟེན་ཁོས་སླར་ཡང་ངོ་རྒོལ་གྱི་ལས་འགོ་གསར་པ་ཞིག་རྩོམ་འགོ་ཚུགས། ད་ཐེངས་ཀྱི་ལས་འགུལ་འདི་ནི་ཁང་པ་ཞིག་ལ་བཙན་འཛུལ་བྱེད་པ་ལས་ཀྱང་ཆེས་འཇིགས་སུ་རུང་བ་ཞིག་ཡིན་ནའང་དེ་ལ་མགོ་རྙོག་ཅན་གྱི་སྟ་གོན་དུས་ཡུན་རིང་པོ་གང་ཡང་བྱེད་དགོས་ཀྱི་མེད། ཞིབ་དཔྱོད་མི་སྣས་ཤེས་རྟོགས་བྱུང་བར་ལྟར་ན་ཡཱན་པ་ལ་ཁས་གྲ་སྒྲིག་གི་རིམ་པ་འདི་ལ་དུས་ཡུན་ཆུ་ཚོད་ཁ་ཤས་ལས་འགོར་མེད། ཕྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༥ཉིན་ཁོས་རང་གི་ཨ་ཞང་གི་དུར་མཆོད་ལ་བཅར་བ་དང་ཉིན་རྗེས་མ་ཁོང་ཉིད་ཝི་ཤེ་ཏ་ཏི་ནས་པ་རཱག་ལ་ཐོན། ཁོང་ཉིད་(Spořilov)སྡོད་གནས་སུ་ཕྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༦ཉིན་གྱི་ཞོགས་པ་ཚུ་ཚོད་བརྒྱད་པ་ཙམ་ལ་འབྱོར། ཁོས་རང་གི་ཤག་ནང་དུ་ཟིན་བྲིས་ཤིག་བྲིས་པ་དང་དེ་རྗེས་འཕྲིན་ཡིག་བཞི་ཐམ་པ་བྲིས་ནས་དེའི་མཐའ་ལ་“དཔལ་འབར་ཨང་༡”ཞེས་མཚན་རྟགས་བཀོད། ཁོང་གིས་འཕྲིན་ཡིག་དེ་ནི་གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་ཚན་པའི་སློབ་གྲོགས་(Ladislav Žižka)བརྒྱུད་ནས་རིག་གནས་ཚན་པའི་སློབ་གཉེར་བའི་ཚོགས་གཙོ་ལུའུ་སྦོ་མིར་ཧོ་ལེ་ཅེག་ (Lubomír Holeček)མཆོག་ལ་འབུལ་རྒྱུ་དང་དེས་ཅེག་སི་ལོ་ཝ་ཀི་ཡའི་རྩོམ་པ་པོ་མཐུན་ཚོགས་(Union of Czechoslovak Writers)ལ་འབུལ་རྒྱུ་མངགས་ཡོད། ཁོང་གིས་འཕྲིན་ཡིག་བཞི་པ་དེ་ནི་ཀོ་ཁུག་ཞིག་གི་ནང་དུ་ངོ་རྒོལ་བྱེད་སར་འཁྱེར་ཡོད། ཁོང་གིས་འཕྲིན་ཡིག་དེ་དག་ནང་དུ་རང་ཉིད་ནི་ཚོགས་ཆུང་ག་གེ་མོ་ཞིག་གི་ཚོགས་མི་ཡིན་པ་དང་མི་དམངས་རྣམས་གཏི་མུག་ལས་སད་པའི་ཆེད་དུ་རང་ལུས་མེར་བསྲེགས་བྱ་རྒྱུར་གཏན་འཁེལ་ཡིན་པ་བཀོད་ཡོད། ཁོང་གིས་སྨྲ་བརྗོད་རང་དབང་དང་འབྲེལ་བའི་རེ་སྐུལ་གཉིས་བཏོན་ཡོད་དེ། དང་པོ་ནི་ཞིབ་བཤེར་པའི་གོ་གནས་མེད་པར་བཟོ་རྒྱུ་དང། གཉིས་པ་ནི་ཕྱི་ལོ་༡༩༦༨ལོའི་ཟླ་བ་༨པའི་འདབ་མཇུག་ཙམ་ནས་འདོན་སྤེལ་བྱེད་བཞིན་པའི་བཙན་འཛུལ་དམག་གིས་གནས་ཚུལ་སྐོར་གྱི་གསར་ཤོག་དེ་འགྲེམས་སྤེལ་བྱེད་རྒྱུ་འཚམས་འཇོགས་དགོས་པ་བཅས་སོ། གལ་ཏེ་འབོད་སྐུལ་རྣམས་ཕྱི་ལོ་༡༩༦༩ལོའི་ཟླ་བ་༡ཚེས་༢༡ནང་ཚུད་དུ་མ་སྒྲུབ་ཚེ་ད་དུང་“དཔལ་འབར་གཞན་པ་”རྣམས་ཀྱང་འབར་ངེས་ཡིན་ཚུལ་བརྗོད་ཡོད། གང་ལྟར་ཡང་པ་ལ་ཁ་ཡིས་རང་གི་ལས་འགུལ་འདིའི་སྐོར་ཟིན་བྲིས་ཤིག་རང་ཤག་ནང་དུ་བཏབ་ཡོད་པ་ཤེས་ཐུབ། འདི་དང་ཁོང་གིས་ཆེས་མཐའ་མཇུག་གི་ཡི་གེ་དེ་དང་བསྡུར་ན་ཟིན་བྲིས་འདིའི་ནང་རེ་འབོད་གཞན་པ་ཁག་གཅིག་ཀྱང་ཡོད་པ་ཤེས་ཐུབ། དཔེར་ན་སོ་ཝི་ཏྲ་ཡི་སྲིད་དོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཕྱི་འཐེན་དགོས་པ་ལྟ་བུའོ།

སྔ་དྲོའི་ཆུ་ཚོད་༡༡ཙམ་ལ་པ་ལ་ཁ་རང་གིས་སྡོད་གནས་དང་ཁ་གྱེས་པ་དང་དེ་རྗེས་ཁོས་གང་བྱེད་མིན་གྱི་གསལ་ཁ་གང་ཡང་མེད། ཁོང་ཉིད་གྲོང་ཁྱེར་གྱི་དབུས་སུ་སྐྱོད་བཞིན་པའི་སྐབས་སུ་ཡི་གེ་གསུམ་པོ་དེ་སྦྱར་ཡོད་པ་ཤེས་ཐུབ། དེའི་སྔ་རོལ་དུ་ཁོང་གིས་སྦྲག་ཡིག་དང་སྦྲག་གླའི་ཐེལ་ཤོག་བཅས་ཉོས་ཡོད་པ་དང་དེའི་ནང་དུ་རང་གི་གྲོགས་པོ་ཧུ་བྷེར་ཏ་བྷི་སི་ཏི་རི་ཅཱན་(Hubert Bystřičan)ལ་འཚམས་འཕྲིན་ཐུང་ངུ་ཞིག་བྲིས་ཡོད་པ་དང་རང་ཉིད་གྲོང་རྡལ་གྱི་ཐང་ཆུང་(Lesser Town Square)ཕྱོགས་སུ་ཡོད་པ་གསལ་སྟོན་བྱས་ཡོད། ཁོས་ཕལ་ཆེར་འཕྲིན་ཡིག་དེ་དག་སྦྲག་ཡིག་དེ་དང་ལྷན་དུ་བཏང་ཡོད་ངེས་རེད། ང་ཚོས་ཤེས་གསལ་ལྟར་ཁོས་སྔ་དྲོའི་ཆུ་ཚོད་༡༡ནས་ཕྱི་དྲོའི་༡༣:༣༠བར་འགྱིག་དམ་གཉིས་ཉོས་ཡོད་པ་དང་ཁོང་ཉིད་ཨོབ་ལེ་ཏ་ལོ་ཝ་སྲང་ལམ་(Opletalova Street)དུ་འབྱོར་སྐབས་དེའི་ནང་ས་སྣུམ་བཀང་རྗེས། དེ་ནས་ཁོས་འགྱིག་དམ་གཉིས་དང་ཀོ་ཁུག་བཅས་འཁྱེར་བཞིན་ཤར་རེ་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་ཕྱོགས་སུ་བསྐྱོད། ཁོས་ཆེད་དུ་མི་ཚོགས་མང་པོ་འདུ་འཛོམས་བྱེད་སའི་པ་རཱག་གི་གྲོང་གི་དབུས་སུ་ས་ཆ་འདི་བདམས་པ་རེད། ཁོང་ཉིད་དེ་གའི་འཐོར་ཆུ་ཡོད་སར་ཆུ་ཚོད་༢:༣༠སྔ་རོལ་དུ་སྐར་མ་ཁ་ཤས་ཀྱི་སྔོན་ལ་འབྱོར་རོ།།

>>>