པ་རཱག་གི་དཔལ་འབྱོར་རིག་པའི་གཙུག་ལག་སློབ་གཉེར་ཁང་།
པ་རཱག། ཝིན་སོན་ཆར་ཆིལ་བཞི་མདོར་༤།
“ངའི་བསམ་པར་སྤྱི་ལོ་ ༡༩༦༨ ཟླ་བ་ ༣ ནང་སློབ་ཕྲུག་ཤེས་ཡོན་ལྷན་ཚོགས་བཙུགས་པ་རེད་ལ། ཡཱན་པ་ལ་ཁ་ཚོཊ་པ་དེའི་ནང་ཡོད་པ་དང་། ཁོང་གིས་སློབ་མའི་གྲོས་ཚོགས་སུ་ལས་རོཊ་རྣམས་ཀྱི་སྐུ་ཚབ་བྱེད་ཀྱི་ཡོད་ལ། དེ་དུས་ཁོང་ཚོགས་པ་དེའི་(SAB)འཛིན་སྐྱོང་ལྷན་ཁང་གི་ཚོཊ་མི་ཡང་ཡིན་པ་ཡོད།”
༡༩༦༩ ཟླ་བ་ ༡ ཚེས་༢༧ ཉིན་བི་ཨེས་ཨི་(VŠE)སློབ་མ་ལེ་ཌིཤ་ལཱབ་ ཛི་ཀ་(Ladislav Zizka)
ཡཱན་པ་ལ་ཁས་སྤྱི་ལོ་ ༡༩༦༦ ནས་ ༡༩༦༨ བར་པ་རཱག་དཔལ་འབྱོར་རིག་པའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས་པ་རེད། ཁོང་གི་གསུང་བཤད་དང་བགྲོ་གླེང་ཚོཊ་འདུ་དེ་གྷུས་ཏཱབ་ཀལི་མེཊ་(Gustav Kliment S-Quare)༼today’s Winston Churchill Square༽ཁོར་ཡུག་ལ་གནང་བ་རེད། གཙུག་ལག་སློབ་ཁང་དེའི་ལས་ཁང་དེའི་འཛུགས་སྐྲུན་ ༡༩༣༥ མཇུག་གྲུབ་པ་དང་། ཐོག་མར་དེ་མྱོང་འདྲིས་སྦྱོང་བརྡར་སྤྲོད་སའི་འབྲིང་རིམ་སློབ་གྲྭ་ཡིན་ལ། ༡༩༥༣ ལོར་དཔལ་འབྱོར་རིག་པའི་གཙུག་ལག་སློབ་གཉེར་ཁང་(VSE)འཛུགས་དུས་ཁང་པ་དེ་དཔལ་འབྱོར་རིག་པའི་གཙུག་ལག་སློབ་ཁང་ལ་སྤྲད་པས་ད་བར་བེད་སྤྱོད་མུས་ཡིན། སྤྱི་ལོ་ ༡༩༦༩ ལོའི་འགོ་སྟོད་ལ་ཡཱན་པ་ལ་ཁས་སློབ་ཕྲུག་སྐུ་ཚབ་ལུ་བྷོ་མིར་ཧོ་ལི་ཅེག་ (Lubomír Holeček,1946-1976)ལ་ཕྱག་བྲིས་བཏང་ནས། བིནོ་ཧརཌ་སུཀ་སྲང་ལམ་(Vinohradská Street)དུ་ཡོད་པའི་ཅེག་སི་ལོ་ཝ་ཀི་ཡ་གི་རླུང་འཕྲིན་ཁང་དེ་བདག་ཉར་བྱས་ནས་ཡོངས་ཁྱབ་ངོ་རྒོལ་ཞུ་འབོད་ཀྱི་རྒྱང་སྲིང་བྱེད་དགོས་པའི་བསམ་འཆར་བྲིས་ཡོད་པ་རེད། ཞི་ཞི་ཀོ་ཝ་(Žižkov)ཉེ་འཁྲིས་ཀྱི་དཔལ་འབྱོར་རིག་པའི་གཙུག་ལག་(VŠE) སློབ་མ་ཚོས་ཁོང་གི་ལས་འཆར་ལ་རྒྱབ་སྐྱོར་གནད་ཆེ་བྱས་ཡོད
དཔལ་འབྱོར་རིག་པའི་སློབ་ཁང་ཡོད་སའི་ཞི་ཞི་ཀོ་ཝ་བཞི་ཁྲོམ་(Žižkov square)དེ་ནི་བེསོ་བྷེནི་ པེན་སི་ཇིནི་ཨོས་ཏབ་(སྤྱི་ཁྱབ་ལས་ཡོལ་ཕོགས་ཐོབ་ལྷན་ཁང་)ལས་ཁང་དང་མཉམ་དུ་འཛུགས་སྐྲུན་བྱས་ཤིང་། ༡༩༣༥ ལོ་ནས་དེའི་མིང་ལ་ཡུ་པན་སིཇ་ནི་ཧོ་ཨུས་ཏབ་(ལས་ཡོལ་ཕོགས་ཐོབ་ལྷན་ཁང་ལ)ཞེས་བཏགས་པ་རེད། སྤྱི་ལོ་༡༩༥༥ ལོར་བཞི་ཁྲོམ་དེའི་མིང་ལ་སྐྱར་དུ་གྷོས་ཏབ་ཀལི་མེཊ་(Gustav Kliment 1889-1953)ཞེས་བཏཊ་པ་རེད། གྷོས་ཏབ་ནི་དམར་པོའི་ཆབ་སྲིད་པ་དང་ཟླ་བ་གཉིས་པའི་རྗེས་ཀྱི་བཟོ་ལས་བློན་ཆེན་རེད། ༡༩༧༧ ནས་ ༡༩༩༠ བར་དེའི་མིང་ལ་ཨེན་ཊོ་ནིན་ཛྷ་པོ་ཏོད་སི་ཀི་(Antonín Zapotocký 1884-1957)ཞེས་བཏགས་ནས་བཞི་ཁྲོམ་དེའི་དབུས་ལ་ཁོང་གི་སྐུ་བརྙན་བཞག་ཡོད། ༡༩༨༩ རྗེས་ལ་སྐུ་བརྙན་ཕྱིར་བཏོན་ནས་བཞི་ཁྲོམ་དེའི་མིང་ལ་དབྱིན་ཇི་སྲིད་བློན་བིན་སཊོན་ཅར་ཆིལ་(Winston Chuchill, 1874-1965) བཞི་ཁྲོམ་ཞེས་བཏགས་པ་རེད།