ཡཱན་པ་ལ་ཁ་རྗེས་དྲན་གྱི་མིང་བྱང་དང་སྟོད་སྐུ།

ཝི་ཤེ་ཏ་ཏི། ཀོ་མེནས་ཀེཧོ། ༣༧༥ (Všetaty, Komenského 375)

“ཁོང་མི་ཡ་རབས་དང་སློབ་གྲྭའི་ཕྱི་ནང་གཉིས་ཀར་འཛིན་གྲོགས་ཚོ་དང་རྒན་པ་རྣམས་ལ་ཐུཊ་སྣང་ཆེན་པོ་ཡོད་ལ། ཁོང་ས་གནས་དེ་གའི་སློབ་གྲྭར་འགྲོ་གི་མེད་པའི་དུས་སུ་ཡང་དགེ་རྒན་ཚོར་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད།” སྤྱི་ལོ་ ༡༩༦༩ ཟླ་བ ༣ ཚེས་ ༣ ཉིན་ཝི་ཤེ་ཏ་ཏི་སྔོན་འགྲོ་སློབ་གྲྭའི་སློབ་སྤྱི་ཡིས་ཡཱན་པ་ལ་ཁའི་སྐོར་འགྲེལ་བརྗོད་གནང་བ་ལས་བཏོན།

ཡཱན་པ་ལ་ཁ་ ༡༩༥༤ ནས་༡༩༦༣ བར་སྔོན་འགྲོའི་སློབ་གྲྭར་འགྲིམས། སློབ་གྲྭ་དེ་ནི་༡༩༠༧ ལོར་དབུ་འབྱེད་གནང་ཞིང་། དེ་ནི་ས་གནས་ཝི་ཤེ་ཏ་ཏི་ལ་ཆགས་ཡོད།

སྤྱི་ལོ་ ༡༩༩༠ ལོར་སཔོ་ལེཀ་ནོས་ཊ་ཡཱན་པ་ལ་ཁ་(ཡཱན་པ་ལ་ཁ་ཚོགས་པ)ཡིས་རྗེས་དྲན་མིང་བྱང་ཞིག་བཟོས་ནས་སློབ་གྲྭའི་འཛུལ་སྒོའི་ཕར་ཕྱོགས་ལ་བཀོད་ཡོད། མིང་བྱང་དེའི་ཐོག་འབར་བཞིན་པའི་དཔལ་འབར་ཞིག་གི་མཚོན་རྟགས་དང་། བརྐོས་ཡིག་ཅིག་ཡོད་པ་དེའི་ནང་ ༡༩༥༤ ནས་ ༡༩༦༣ བར་ཡཱན་པ་ལ་ཁ་ནི་ང་ཚོ་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན། ༡༩༤༨ ཟླ་བ་ ༨ ཚེས་ ༡༡ + ༡༩༦༩ ཟླ་བ ༡ ཚེས་ ༡༩ ཞེས་བཀོད་ཡོད།

སྤྱི་ལོ་ ༡༩༩༦ ལོར་ཚོགས་པ་དེས་ཡཱན་པ་ལ་ཁ་རྗེས་དྲན་འགྲེམས་སྟོན་སྒོ་འབྱེད་བྱས་ནས་ཁོང་གི་ཅ་དངོས་དང་། ཕྱག་བྲིས། ཡིག་ཆ་སོགས་འགྲེམས་སྟོན་བྱས་པ་རེད། ཚོགས་པ་དེས་འཇིམ་བཟོ་བ་ཝ་ལ་སི་ཏ་པ་ར་ཁ་ཀྱིད་ཙི་ཀ་(Vlasta Prachatická)གིས་བཟོས་པའི་ཡཱན་པ་ལ་ཁའི་སྟོད་སྐུ་དེ་ཡང་བཟོ་སྐྲུན་འགོ་འཛུགས་གནང་བ་རེད། དེ་སྤྱི་ལོ་ ༡༩༩༩ ཟླ་བ་ ༡ ཚེས་ ༡༦ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བཱ་ཁལ་ ཧཱ་བེལ་གྱིས་ཞལ་འབྱེད་གནང་བ་རེད། སྟོད་སྐུ་དེ་སློབ་གྲྭ་དེའི་རྒྱལ་སྒོའི་འགྲམ་གྱི་ཚོགས་ཁང་དེའི་ནང་། མདུན་ངོས་སུ་ཡཱན་པ་ལ་ཁ་ཞེས་པའི་མིང་བྱང་ཡོད་པའི་ཤིང་གི་སྟེགས་བུ་ཞིག་གི་སྟེང་ལ་བཞག་ཡོད།