ཡཱན་པ་ལ་ཁ་དང་ཡཱན་ཛྷ་ཡི་ཙི་གི་རྗེས་དྲན།

པ་རཱག ༡ ཝན་སི་ལ་སི་བཞི་མདོར།

“དྲན་རྟེན་འདི་ཤེས་མཁན་ཕལ་ཆེར་དཀོན་པོ་རེད། མི་མང་པོས་དེ་ཤེས་རྟོགས་ཙམ་མེད་པར་འདི་ནས་ཕར་འགྲོ་གི་ཡོད། ལམ་འཕྲད་དེར་མངོན་གསལ་མེད་པའི་རྡོ་བརྐོས་བྱང་བུ་ཞིག་ཡོད། དྲན་རྟེན་དེ་རྗེས་དྲན་སྲུང་བརྩི་བྱེད་ཆེད་འཚམས་པོ་མེད་ལ། དེ་ནི་དཔའ་རྩལ་ཅན་ཞིག་མིན་པར་མི་སྒེར་གྱི་དྲན་སྐུལ་ཙམ་རེད།”

ཝ་ཙ་ལ་ཝ་ཙི་ལེག་(Vaclav Cilek)

དྲན་རྟེན་ལེགས་ཤོས་དེ་པ་རཱག་ཝན་སི་ལ་སི་བཞི་མདོར(Wencelas square)ན་ཡོད་པའི་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་མདུན་དུ་ཡོད་པའི་འཐོར་ཆུ་(fountain)དེ་ནས་མི་ཊར་འགའ་ཤས་སར་ཡོད་པ་དེ་ཡིན། སྤྱི་ལོ་༡༩༦༩ ཟླ་བ་ ༡ ཚེས་༡༦ ཉིན་ས་གནས་དེར་ཡཱན་པ་ལ་ཁས་ལུས་ལ་ས་སྣུམ་བླུག་ནས་རང་ལུས་མེར་བསྲེགས་བཏང་བ་རེད། དེ་རྗེས་ཁོང་གི་མངོན་འདོད་ལ་རྒྱབ་སྐྱོར་ཆེད་བཞི་མདོར(square) དེར་ཟས་བཅད་ངོ་རྒོལ་འཚོགས་པ་དང་། ཁོང་གི་གཤིན་འབག་འགྲེམ་སྟོན་བྱས་པ་རེད།

དྲན་རྟེན་དེ་ནི་སྒྱུ་རྩལ་བ་བྷར་བྷོ་ར་བེསེ་ལ་(Barbora Veselá)དང་བཟོ་བཀོད་པ་ཅེ་སི་ཏི་མིར་ཧོའུ་སི་ཀ་(Čestmír Houska)དང་ཡི་རི་བེསེ་ལི་(Jiří Veselý)གསུམ་གྱིས་བཟོས་པ་རེད། དྲན་རྟེན་གཞན་ཕལ་ཆེ་བ་དང་ཁྱད་པར་ནི། བཟོ་བོ་ཚོས་རྡོ་གཅལ་ཐོག་འབུར་དུ་ཐོན་པའི་འཕྲེད་ཀྱི་དེའུ་འབུར་གོར་དམའ་བོ་གཉིས་བཟོས་ཡོད་ཅིང་། དེའུ་འབུར་དེ་གཉིས་ཀུར་རྟགས་དང་འབྲེལ་བ་ཡོད། (དེ་བཞིན་དྲན་རྟེན་དེས་མིའི་གཟུགས་རིས་དེ་དཔལ་འབར་ཞིག་ཡིན་པ་ལྟ་བུར་མཚོན་དགོས།) ཀུར་རྟགས་དེ་ཡཱན་པ་ལ་ཁ་མེར་འབར་གྱིན་འགྱེལ་སའི་ཐང་དེའི་ཕྱོགས་ལ་ཁ་བཏད་ཡོད། ཀུར་རྟགས་དེའི་གཡོན་ངོས་སུ་ཡཱན་པ་ལ་ཁ་དང་ཛཱ་ཇིག་གཉིས་ཀྱི་མིང་དང་ཚེས་གྲངས་རིམ་པར་བཀོད་ཡོད།

>>>

བཟོ་བོ་རྣམས་ཀྱིས་ཁོང་ཚོས་མཚོན་རྟགས་དེ་བདམ་པའི་རྒྱུ་མཚན་བཤད་རྒྱུར་ “ང་ཚོའི་རིག་གཞུང་གི་ཁོར་ཡུག་ནང་བློས་བཏང་ནི་རྟག་ཏུ་ཀུར་རྟགས་དང་འབྲེལ་བ་ཡོད་པ་རེད། ཡེ་ཤུའི་སྲོལ་རྒྱུན་ལ་ཀུར་རྟགས་ཀྱིས་སྡུག་ལས་སྐྱོབ་པ་དང་། ང་ཚོའི་ཀུར་རྟགས་ཀྱི་ནང་དོན་ཡང་ཞི་མཐུན་ཀུར་རྟགས་དང་འདྲ་བ་ཡིན། འདི་དག་ཕལ་ཆེ་ནི་ཡུལ་ལྗོངས་དེར་གྱེན་ལ་སྒྲེང་དོན་ནི་། དུས་ངན་དེར་ཁ་གཏད་ཀྱིས་ཞི་མཐུན་དང་། དམ་བཅའ། འགྱོད་བཤག་གི་དྲན་རྟེན་རེད། གང་ལྟར་ཡང་ང་ཚོའི་ན་ཟུག་དེ་འཇགས་ཐབས་མེད། ང་ཚོའི་དོགས་གཟབ་མེད་པའི་རྐྱེན་གྱིས་ཀུར་རྟགས་དེ་ཡར་སྒྲེང་གྲབས་ཡོད་དམ་སྔོན་ནས་ཞིག་ཚར་ཡོད་མིན་ངེས་པ་ཡོད་མ་རེད་ལ། དེ་བཞིན། ས་སྒང་དེ་དག་ང་ཚོའི་བག་ལ་ཉལ་བའི་སེམས་པ་དང་། བརྗེད་ངས། ལོ་རྒྱུས་ཀྱི་མནར་གཅོད་བཅས་ཀྱི་ནང་དུ་དར་རྒུད་དང་གང་ཡང་སྲིད་ལ། ག་ལེར་ས་སྟོང་དང་མཉམ་དུ་བྱིང་སྲིད།”

>>>