MP_FF_TITLE
པ་རཱག་ ༢- པ་རཱག་ནང་གི་ཆར་ལེ་སི་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་ཚན་པའི་སློབ་མ་ཇོསེ་ཕྷོ།
“ངས་རང་ཉིད་ལ་ཅིག་བྱེད་དགོས་འདུག་ཅེས་ཁེར་ལབ་བྱས་པ་ཡིན། ང་ལ་སོ་སོའི་འཇོན་ཚད་ཀྱི་ཞབས་ཞུ་ཞིག་སྒྲུབ་ཐུབ་པའི་བློ་སྐྱེས་བྱུང་བས། ངས་མེར་འཚིག་སྨན་བཅོས་ཁང་དུ་ལས་ཀ་བྱེད་མཁན་གྲོཊ་པོ་བི་ལ་ཌི་མིར་མེཊ་ཇིསེཀ་(Vladimir Matejicek)ལ་འབྲེལ་བ་བྱས་པས། ཁོང་གིས་ང་ཉེས་རྐྱེན་འཚོལ་ཞིབ་ཁང་གི་རོ་དཔྱད་ཁང་དུ་འཛུལ་བཅུག་བྱུང་། ངས་དེ་ཉིད་(འཆི་འབག་མིན་ནམ་སྙམ། སྒྱུར་པ་པོའི་མཆན།)ལེགས་པོ་ཡོང་བའི་ཆེད་ཡཱན་པ་ལ་ཁའི་གདོང་ལ་ཐེངས་གཉིས་ཙམ་བལྟས་པ་ཡིན། ངས་དེ་ཉིད་པང་ལེབ་ནག་པོ་ཞིག་གི་ཐོག་བཞག་ནས་རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་འཁྱེར་ཡོང་བ་ཡིན། དེ་གར་སློབ་གཉེར་བ་ཚོས་ཡཱན་པ་ལ་ཁ་འདས་གྲོངས་སུ་གྱུར་པར་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག ། ངས་ཡཱན་ཛྷ་ཡི་ཙི་ཏན་ཏན་ན་གཞོན་དེ་དག་གི་ཁྲོད་ཐུག་ཡོད་ངེས་རེད། འོན་ཀྱང་ངས་དེ་ཁོང་ཡིན་པ་ངོ་ཤེས་མ་བྱུང་།”
འཇིམ་བཟོ་བ་ཨོལ་བི་རམ་ཛུའུ་སྦེག །
སྤྱི་ལོ་ ༡༩༦༩ ཟླ་བ་ ༡ ཟླ་མཇུག་ལ་འདས་པོ་ཡཱན་པ་ལ་ཁའི་ནང་མི་ཚོས་སྒྱུ་རྩལ་སྡེ་ཚན་གྱི་ཁང་ཆེན་ནང་གཞག་རྒྱུའི་ཁོང་གི་སྟོད་སྐུ་དེ་བཟོ་རྒྱུའི་ཆོག་མཆན་གནང་བ་རེད། སྟོད་སྐུ་བཟོ་མཁན་གཙོ་བོ་དེ་གཙུག་ལག་སློབ་ཁང་གི་སྒྱུ་རྩལ་བ་ཨེན་ཊོན་ནིན་ཁརོ་མེཀ་(Antonín Chromek)བྱ་རྒྱུ་བྱས། དྲན་རྟེན་སྟོད་སྐུ་དེ་ནི་ཨེན་ཊོན་ནིན་དང་ཡོ་སེབ་ཝ་ཙུ་ལིག་(Josef Veculík)གཉིས་ཀྱིས་ ༡༩༦༩ ཟླ་བ ༡ ཚེས་ ༢༣ ཉིན་ཁུར་བའི་པ་ལ་ཁའི་གཤིན་ འབག་དེར་གཞི་བྱས་ནས་བཟོ་རྒྱུ་བྱས། གང་ལྟར་ཡང་། སྐབས་དེའི་ཆབ་སྲིད་གནས་སྟངས་ཀྱི་རྐྱེན་པས་རྗེས་དྲན་སྟོད་སྐུ་དེ་བཟོ་རྒྱུ་མ་བྱུང་བ་རེད།
སྤྱི་ལོ་ ༡༩༦༩ ཟླ་བ་ ༡ ཚེས་༡༩ ཉིན་ཨོལ་བི་རམ་ཛུའུ་སྦེག་གིས་པ་ལ་ཁའི་གཤིན་འབག་དེ་ཁྱེར་བ་རེད། དེ་རྗེས་འཕྲལ་དུ་ཁོང་གིས་དེ་རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་ཁྱེར་ནས། པ་ལ་ཁའི་རང་སྲེག་བཏང་སའི་ཉེ་འགྲམ་དེར་འགྲེམ་སྟོན་བྱས་པ་རེད། དེ་རྗེས་འབག་དེ་ལེ་སཱར་གྲོང་སྡེའི་ཨེས་ཊི་ཐོ་མཱས་ལྷ་ཁང་(St Thomas Church)ལ་བཏང་ནས། ས་གནས་དེར་མང་ཚོགས་ཀྱིས་པ་ལ་ཁའི་འདས་མཆོད་འཚོགས་པ་རེད། དེ་བཞིན་འབག་དེ་སྒྱུ་རྩལ་སྡེ་ཚན་གྱི་ཁང་བརྩེགས་ལྟེ་བའི་མདུན་དུ་དུས་ཡུན་གང་འཚམས་བཞག་པ་རེད།
སྤྱི་ལོ་༡༩༩༠ ལོར་ཨོལ་བི་རམ་ཛུའུ་སྦེག་གིས་གཤིན་འབག་དེའི་ལྕགས་ཀྱི་འདྲ་བཤུས་ཤིག་བཟོས་ཤིང་། འདྲ་བཤུས་དེ་ཡཱན་པ་ལ་ཁ་རྗེས་དྲན་འདྲ་སྐུའི་དཔེར་མཚོན་ལྟེ་བར་གྱུར་པ་རེད། དེ་སྒྱུ་རྩལ་སྡེ་ཚན་ཁང་ཆེན་གྱི་དེ་སྔོན་ཡཱན་པ་ལ་ཁ་བཞུགས་ཁང་དུ་བཞག་ཡོད་ལ། དེར་ལོ་ལྟར་ཟླ་བ་ ༡ ཚེས་༡༦ ཉིན་གཙུག་ལག་སློབ་མའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྗེས་དྲན་འདུ་འཛོམས་ཚོགས་ཀྱི་ཡོད།