ཡཱན་པ་ལ་ཁ་རྗེས་དྲན་གྱི་མིང་བྱང་།

ཝི་ཤེ་ཏ་ཏི། ཊི་ཇི། མ་སཱ་རི་ཀ། ༣༤༢(Všetaty, T.G. Masaryka 342)

“ཡཱན་གྱི་ཕ་མ་གཉིས་ནི་སཱོ་ཀོལ་ལས་འགུལ་གྱི་ཚོཊ་མི་ཧ་ཅང་དུང་སེམས་ཅན་གཉིས་ཡིན། ཡཱན་དར་མའི་ཆཊ་དུས་གཞི་ནས་ཝི་ཤེ་ཏ་ཏི་ཡོད་པའི་ས་གནས་སཱོ་ཀོལ་(Sokol)ཚོགས་པའི་ནང་འཛུལ་ཞུགས་བྱས། གཅིག་བྱས་ན་ཁོང་གིས་སྔོན་འགྲོ་དང་སྤྲོ་གསང་ལས་སྦྱོང་ཚན་པ་བདམ་པའི་རྒྱུ་མཚན་ནི་ཁོང་ཉིད་སཱོ་ཀོལ་གྲུབ་མཐའི་རྗེས་འབྲངས་རྫུན་མ་ཞིག་ཡིན་པའི་ཆ་ནས་ཡིན་སྲིད། ཁོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལུས་སྦྱོང་སློབ་གཉེར་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་རེད།།”

༡༩༩༩ ལོར་བཏོན་པའི་ཡི་རི་པོ་ཀོར་ནི་(Jiří Pokorný)དྲན་རྟེན་བེར་ནི་ ཛཱས་ཏནེ་མི་(ང་ཚོ་ཆོད་སེམས་བརྟན་པོ་ཡོད།)ཅེས་པའི་དེབ་ལས་དྲངས།

དུས་ཚོད་སྟོང་པ་ཡོད་དུས། ཡཱན་པ་ལ་ཁ་ཝི་ཤེ་ཏ་ཏི་གི་ལུས་སྦྱོང་ཚོགས་ཁང་ལ་སོང་ནས་རྩེད་མོའི་སྐྱིད་སྡུག་གི་གྲོཊ་པོ་ཚོའི་མཉམ་དུ་རྩེད་མོ་རྩེ་གི་ཡོད། ཁོང་གྲོངས་དུས་ཝི་ཤེ་ཏ་ཏི་(Všetaty)གནས་སྡོད་པ་ཕལ་ཆེ་བ་ཁོང་གི་ཆེད་དུ་ངག་སྡོམ་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་ཡོད་ལ། ཁོང་ཚོ་པ་ལ་ཁའི་ཁང་པ་ནས་ལུས་སྦྱོང་ཚོགས་ཁང་བར་གོམ་བགྲོད་བྱས་ནས་སོང་བ་དང་། དེར་དམག་འཁྲུག་མ་རྒྱབ་གོང་སཱོ་ཀོལ་ ཝི་ཤེ་ཏ་ཏི་གི་མཁོ་ཁྲིད་ཅིག་གི་བུ་ཡིན་པ་ཝ་ཙ་ལབ་ཨཱག་(Václav Ach)ཞེས་པ་དེས་རྗེས་དྲན་གཏམ་བཤད་བྱས་པ་རེད།

སྤྱི་ལོ་ ༡༩༩༤ ཟླ་བ་ ༡ པོའི་ཚེས་༢༢ ཉིན། ས་པཱོ་ལེཀ་ནོསཊ་ ཡཱན་པ་ལ་ཁ་(ཡཱན་པ་ལ་ཁ་ཚོགས་པ)ཡིས་སྣེ་ཁྲིད་ནས་ལུས་སྦྱོང་ཚོགས་ཁང་ཡོད་སའི་ཚོགས་ཁང་ཆེན་པོའི་ནང་རྡོ་ཀ་མ་རུ་པས་བཟོས་པའི་རྗེས་དྲན་མིང་བྱང་ཞིག་ཞལ་འབྱེད་གནང་ཡོད། མིང་བྱང་དེའི་ཐོག་ཨོལ་བྷ་རམ་ ཛྷོའུ་བྷེག་(Olbram Zoubek)གིས་བཟོས་པའི་པ་ལ་ཁའི་གཤིན་འབག་ཡོད་ལ། (གཤིན་འབག་ངོ་མ་དེ་ཐོག་མར་ ༡༩༦༩ ལོར་ཁང་ཆེན་དེའི་ནང་བཞག་ཡོད།)མིང་བྱང་དེ་ལ་ཡཱན་པ་ལ་ཁ་ ༡༩༤༨ ཟླ་བ་ ༨ ཚེས་༡༡ ། ༡༩༦༩ ཟླ་བ་ ༡ ཚེས་༡༩ ཞེས་བྲིས་ཡོད།

རྗེས་དྲན་མིང་བྱང་དེ་ཡཱན་པ་ལ་ཁ་རྗེས་དྲན་ལོ་དང་པོའི་སྐབས་སུ་ཞལ་འབྱེད་གནང་ཡོད་ལ། སྐབས་དེར་བུད་མེད་ནང་ཁུལ་སྒྱུ་རྩལ་ལུས་རྩེད་འགྲན་བསྡུར་ཞིག་བྱས་པས། དེ་ནས་བཟུང་ལོ་ལྟར་ལུས་སྦྱོང་ཁང་དེར་ཚོགས་ཀྱི་ཡོད།