ཡཱན་པ་ལ་ཁ་རྗེས་དྲན་གྱི་མིང་བྱང་།

བེསེ་ཊེ་ཊི། ༣༣༧ སམེ་ཏ་ནོ་བ་ སྲང་ལམ། (Vsetaty,337 Smetanova street)

“པ་ལ་ཁ་སྐྱེ་བའི་བདུན་ཕྲག་གཅིག་གི་ནང་ཁུལ་ལ། བེསེ་ཊེ་ཊི་ཁང་ཨང་༣༣༧ ནང་ཁོང་གི་ཨ་མ་ལ་བུ་གཉིས་པ་དེ་སྐྱེས་པ་རེད། ཁང་པ་ཆུང་ཆུང་དེ་ཁོང་གི་མི་ཚེ་ཐུང་ངུ་དེ་སྡོད་སའི་ནང་ཆགས་པ་རེད།”

ཡི་རི་ལེ་དྷེ་རར་༼Jiří Lederer༽ (ཅེག་སློབ་ཕྲུག་ཡཱན་པ་ལ་ཁ་ཡི་མི་ཚེ་དང་། ཕྱག་ལས། འདས་གྲོངས་སྐོར་གྱི་སྙན་ཐོ།)

ཡཱན་པ་ལ་ཁ་ཡི་མི་ཚེ་ཕལ་ཆེ་བ་ཝི་ཤེ་ཏ་ཏི་(Všetaty)ཞེས་པའི་ས་ཆ་དེར་སྐྱེལ་ཡོད་ལ། ཁོང་ཚར་ལོངས་བྱུང་ས་དང་སྔོན་འགྲོའི་སློབ་གྲྭ་འགྲོ་ས་ཡང་དེ་གར་ཡིན། ཁོང་དེ་སྔོན་རང་གི་ཕ་མ་གཉིས་ཀྱིས་མངར་མོ་ཚོང་ཁང་བྱས་མྱོང་ཡོད་པའི་ཁང་ཆུང་ཞིག་ཡོད་པ་དེར་བསྡད་པ་རེད། ཁང་ཆུང་དེ་ནི་ཀྱི་ཤིད་ཙི་ཀི་(Tišický stream)རྒྱུགས་ཆུའི་ཉེ་འགྲམ་གྱི་སམེ་ཏ་ནོ་བ་སྲང་ལམ་གྱི་མཐའ་ལ་ཆགས་ཡོད། ཡཱན་པ་ལ་ཁའི་ཤག་ནི་ཐོག་བརྩེག་དང་པོར་ཡོད། སྤྱི་ལོ་ ༡༩༦༩ ཟླ་བ་ ༡ ཚེས་ ༡༦ ཉིན་ཁོང་ཁང་པ་དེ་ནས་ཐོན་སྟེ་ཝི་ཤེ་ཏ་ཏི་མེ་འཁོར་བབ་ཚུགས་ལ་སོང་ནས། ཆུ་ཚོད་ ༦.༡༠ པ་རཱག་ལ་འགྲོ་མཁན་མེ་འཁོར་དེའི་ནང་ཕྱིན་པས། ལི་བྷུ་ཤེ་པ་ལ་ཁོ་ཝ་(Libuše Palachová)ཁང་པ་དེར་མུ་མཐུད་ལོ་འགའ་ལྷག་བསྡད་པ་རེད། དེ་རྗེས་མོས་ཁང་པ་དེ་བཙོང་ནས། ཀ་མེ་ནི་ཙེ་ཀི་ཤེ་ནོབ་(Kamenický Šenov)ཞེས་པའི་ས་ཆ་དེར་བུ་གཉིས་པ་ཇཱིརི་མཉམ་དུ་སྡོད་དུ་ཕྱིན། སྤྱི་ལོ་ ༡༩༨༠ ཟླ་བ་ ༩ ཚེས་ ༢༤ ཉིན་དེ་གར་གྲོངས་པ་རེད།

སྤྱི་ལོ་ ༡༩༦༩ ལོར་ཝི་ཤེ་ཏ་ཏི་ས་གནས་སེམེ་ཏ་ནོ་བ་སྲང་ལམ་ན་ཡོད་པའི་ཁང་པ་དེར་རྗེས་དྲན་གྱི་མིང་བྱང་འགོད་རྒྱུའི་གྲོས་འཆར་བྱུང་ཡོད། གང་ལྟར་དེ་༡༩༩༣ ལོར་ཡཱན་པ་ལ་ཁ་ཚོགས་པ་ཞེས་པ་དེས་མཐུན་སྦྱོར་མ་བྱས་བར་དུ་ལྷག་པ་རེད། རྗེས་དྲན་མིང་བྱང་དེར་ “འདི་ནི་ཡཱན་པ་ལ་ཁ་བཞུགས་སའི་གནས་དེ་ཡིན་ལ། ཁོང་གིས་ཅེག་རྒྱལ་ཁབ་ཀྱི་རང་དབང་དོན་རང་སྲོག་བློས་བཏང་ཆེད་གནས་འདི་དོར་ནས་སོང་ཡོད།(༡༩༤༨-༡༩༦༩)”ཞེས་བཀོད་ཡོད། ཁང་པ་དེར་རྒྱུན་ལྡན་རྗེས་དྲན་སྲུང་བརྩི་ཞུ་གིན་ཡོད་པ་རེད།