ཡཱན་པ་ལ་ཁའི་རྗེས་དྲན།
བེ་བཱེ། སུད་ཛི་ལེན་ཌ། (Vevey Switzerland)
“དྲན་རྟེན་ཆེད་བཟོས་པའི་དཔེ་དེབ་བམ་ལྕགས་ལེབ་བརྐོས་མར་མེར་སྲེག་གི་རྒྱབ་ལྗོངས་རྣམས་འགྲེལ་བརྗོད་ཡོད་པ་དེ་དག་ཧ་ཅང་ཡིད་བརྟེན་འཕེར་ངེས་འདུག སུ་ཛི་ལེན་ཌ་བ་དེས་ཡཱན་པ་ལ་ཁས་ཚེ་སྲོག་བློས་བཏང་དེ་ནི་རང་གི་ཡུལ་མི་གཅིག་པ་རྣམས་དང་ཁོང་ཚོའི་རང་དབང་གི་ཆེད་ཁོ་ནར་མིན་པར། ད་དུང་རང་དབང་ལ་ཆེས་དུང་བའི་སུ་ཛི་ལེན་ཌ་ཡུལ་མི་རྣམས་ཀྱི་རང་དབང་གི་ཆེད་དུ་ཡང་རེད་ཅེས་ཟེར། བགྲོ་གླེང་ཐེངས་འགའ་བྱས་རྗེས། སྒྱུ་རྩལ་བ་སྐུ་ཞབས་ཀོ་ནོ་བྷོ་ལོ་ཁ་(Mr Knobloch)གིས་མེ་ལྕེ་འདྲ་བའི་གཟུགས་དབྱིབས་ཞིག་བཟོས་ཡོད། ཁག་ཅིག་གིས་དེ་ཞི་བདེའི་ཕུག་རོན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ལྟར་ཡང་ངས་བསམ་ན་དེ་མེ་ལྕེ་ཡིན་པར་སེམས། ཡཱན་པ་ལ་ཁའི་མགོ་བོ་མཐིལ་ངོས་དེར་ཡོད་པ་རེད།”
སྤྱི་ལོ་ ༢༠༠༧ ཟླ་བ་ ༡༡ ཚེས་ ༡༧ ཉིན་ཇྷེ་ནི་ཝ་(Geneva)རུ་ཡུལ་བྱོལ་པ་རྣམས་(expatriates)ཚོཊ་འདུའི་སར། བྷེ་སེ་ཌ་ སུལོ་བན་ཚོགས་པའི་(Beseda Slovan association)འཐུས་མི་ཡ་རོ་སི་ལབ་ ཧ་ཝེལ་ཀ་(Jaroslav Havelka)ནས། (པ་རཱག་གི་རླུང་འཕྲིན་ཁང་།: Radio Praha-Český rozhlas 7)
སུ་ཛི་ལེན་ཌ་ནང་ལ་ཡང་ཡཱན་པ་ལ་ཁའི་དོན་རྐྱེན་དེས་གཡོ་འགུལ་ཆེན་པོ་ཐེབས་ཡོད་ལ། དེ་བཞིན་ཅེག་དང་སི་ལོ་ཝ་ཀི་ཡའི་ཚོགས་པ་མང་པོ་ཡུལ་འདིར་ལོ་མང་རིང་གནས་ཡོད། ཚོགས་པ་དེ་གཙོ་ཆེར ༡༩༦༠ རེ་གྲངས་ཀྱི་མཇུག་ཅེག་སི་ལོ་ཝ་ཀི་ཡ་བཙན་འཛུལ་བྱས་རྗེས་སུ་མང་དུ་ཕྱིན་པ་རེད། གཏོང་ཕོད་ཅན་གྱི་མི་ཞིག་གིས་སུ་ཛི་ལེན་ཌ་ཡོད་པའི་སྐྱབས་བཅོལ་བ་ཚོར་རོགས་སྐྱོར་གྱིས་ཁྱིམ་གསར་པ་འཚོལ་རོགས་གནང་བ་རེད། ཁོང་ནི་མིག་དཔྱད་སྨན་པ་མཱ་ཊི་ལེན་ ཨཱན་དྷེ་རེ་ ཁུ་ཡིན་ཌེ་ཊི་(Madeleine Andree Cuendet, 1918-2004)ཞེས་པ་དེ་ཡིན། མོ་ལ་ཐུགས་རྗེ་ཆེ་ཞུ། ཡཱན་པ་ལ་ཁ་དྲན་རྟེན་དེ་ ༡༩༩༧ ལོར་བེ་བཱེ་(Vevey)་དུ་ཞལ་འབྱེད་བྱས་པ་རེད། དྲན་རྟེན་དེ་སྒྱུ་རྩལ་སློབ་དཔོན་མི་ལན་ཀོ་ནོ་བྷོ་ལོ་ཁ་(Milan Knobloch)གིས་བཟོས་པ་རེད་ལ། ཁོང་ནི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་རེད།(1921) ཚོགས་པ་གཉིས་ཀྱི་ཚོགས་མི་རྣམས་(གྷེ་ནི་བ་ཡོད་པའི་བྷེ་སེ་ཌ་སུལོ་བན་དང་ཛྷུའུ་རིག་(Zurich)ལ་ཡོད་པའི་ཡཱན་པ་ལ་ཁ་དང་ཡཱན་ཛྷ་ཡི་ཙི་ཚོགས་པ་གཉིས་)ཀྱིས་ཀྱང་གྷེ་ནི་བ་མཚོ་ཟུར་ཡོད་པའི་དྲན་རྟེན་དེ་བཞེངས་རྒྱུར་ཞབས་འདེབས་ཞུས་ཡོད། ལོ་ལྟར་དྲན་རྟེན་ས་གནས་དེར་རྗེས་དྲན་སྲུང་བརྩི་ཞུ་གི་ཡོད་པ་རེད།
དྲན་རྟེན་གྱི་སྟེགས་བུ་དེར་ཝ་ཙ་ལ་ཝ་ཧ་ཝེལ་(Václav Havel)གིས་བྲིས་པའི་ཅེག་དང་ཕ་རན་སི་ཡི་གེར་ཡོད་པའི་ལུང་འདྲེན་དེར་“ཡཱན་པ་ལ་ཁས་བློས་བཏང་དེ་ནི་རང་དབང་གི་ཐབས་ལམ་འཚོལ་བར་འབད་བརྡ་ཞིག་ཡིན།” ཞེས་བཀོད་ཡོད། ད་དུང་ཧྥ་རན་སིའི་ཡི་གེར་ཡཱན་པ་ལ་ཁའི་བློས་བཏང་སྐོར་གྱི་འགྲེལ་བརྗོད་བྲིས་པའི་པང་ལེབ་ཅིག་ཀྱང་ཡོད།