དྲན་རྟེན་གྱི་ས་གནས་ཁག

“མཚན་མོ་དེའི་ཟ་ཟུར་ཡོངས་ལ་མེ་འབར།

འོན་ཀྱང་། བྱེ་ཐང་ལ་ཚྭ་ལྡན་གྱི་ས་གནས་ཤིག་ཡོད་པ་དེར།

ལྡུམ་བུ་ཞིག་ཉི་མ་ཁ་དཀར་ངོ་དཀར་ལ་མེར་འབར་བཞིན་གདའ།”

ཡཱན་སི་ཀ་ཙེལ་(Jan Skácel) (འབར་བཞིན་པའི་ལྡུམ་བུ་ཞེས་པའི་སྙན་ངག་ལས།)

ཡཱན་པ་ལ་ཁ་(Jan Palach)དྲན་རྟེན་གྱི་ས་གནས་མང་པོ་ཡོད་པ་རེད། དེ་དག་འགའ་ཞིག་ནི་ཁོང་གི་མི་ཚེ་དང་ཐད་ཀར་འབྲེལ་བ་ཡོད་ལ། གཞན་དག་ནི་ཁོང་རྗེས་དྲན་གྱི་ས་ཆ་ཉག་ཅིག་རེད། གནད་དོན་འགའ་ཞིག་ལ་ས་ཆ་དེ་ཚོས་ཁོང་གི་ཕྱག་ལས་དང་འདས་ཟིན་པའི་ཞབས་རྗེས་རྣམས་མངོན་གསལ་དུ་སྟོན་གྱི་ཡོད། ཡཱན་པ་ལ་ཁ་གྲོངས་པའི་རྗེས་སུ་ཅེག་གྲོང་སྡེ་མང་པོའི་(Czech towns)ནང་ལ། སྲང་ལམ་ཁག་དང་། ཆུ་ཁ་སོགས་ལ་མིང་གདགས་རྒྱུའི་ཐག་གཅོད་བྱས་ཡོད། དཔེར་ན། བྷོ་ཧུ་མིན། བྷར་ནོ། བྷརི་ཁེབ། སཱར་ཁེནི། ཧོ་རོ་བིས། ཧར་ཌེཀ་ཀ་ར་ལོབ། ཆོ་མུ་ཏོ། ཀར་ལོ་བི་བེ་རི། ཁ་ལཌ་ནོ། ཀ་ར་ལུ་པི་ནཌ་བལ་ཏ་བཱོ། ཀུཏ་ན་ཧོ་ར། ལིབྷ་རེཀ། མ་ལ་ཌ་བྷོ་ལེས་ལེབ། མོསཊ། ཨོལོ་མཱོ། པར་ཌུ་བྷིས། པེ་ར་གྷུ། རོཛ་ཊོཀི་ཡུ་ཕ་རེ། ཏུར་ནོབ། ཨུས་ཏི་ནཌ་ལ་བྷེམ་དང་ཛ་ཌར་ནཌ་སཱ་ཛ་བཱོ་བཅས་ལ་སྤྱི་ ༡༩༨༩ རྗེས་སུ་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ཁག་ཅིག་གིས་ཡཱན་པ་ལ་ཁའི་མིང་བཏགས་པ་རེད།

ཡཱན་པ་ལ་ཁ་འཚོ་བཞུགས་སྐབས་སུ་ཁོང་ས་གནས་ཁག་འགའ་ཤས་ལ་སྡོད་ཡོད་ཅིང་། དེ་དག་ཁག་ཅིག་གི་གྱང་ངོས་ལ་སྔོན་མ་ཁོང་དྲན་རྟེན་གྱི་མིང་བྱང་བཀོད་ནས་ཞལ་འབྱེད་བྱས་ཡོད། ད་དུང་དུས་རྒྱུན་དྲན་གསོའི་དུས་ཆེན་ཚོགས་སའི་དྲན་རྟེན་སྐུ་འདྲ་དང་རྡོ་རིང་འགའ་ཡོད་པ་ནི། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་(ཝི་ཤེ་ཏ་ཏི་དང་མེལ་ནིཀ། པེ་ར་གྷུ།) དང་ཕྱི་རྒྱལ་ལ་(བྷེལ་ཇམ། ཨིཊ་ལི། སི་ཛར་ལེན་ཌ། ཡུ་ཀེ།)བཅས་ཡོད།

དྲན་རྟེན་འདྲ་སྐུ་ལུགས་རྒྱབ་རྒྱུ་ལྷག་ཡོད་པ་དེ་འདྲ་ཡང་ཡོད། དེ་དག་ལས་གྲགས་ཆེ་བ་ཞིག་ནི་ཅེག་(Czech)འཇིམ་བཟོ་བ་ཡོ་སེབ་རཱན་དྷ་(Josef Randa)གིས་བཟོས་པ་དེ་ཡིན། འདྲ་སྐུ་དེ་དག་གི་མ་དཔེ་རྣམས་ནི་བིནི་པེག་(Winnipeg)དང་། ཁལེ་བི་ལེན་(Cleveland)། བྷེར་ནོ་(Brno)ཞེས་པའི་ས་གནས་དག་ལ་ཡོད་པ་རེད། གཞན་དག་ཇཱོན་ཧེཇ་ཌུཀ་(John Hejduk)གིས་བཟོས་པའི་འདྲ་སྐུ་གཉིས་ལ་སོགས་པ་བཟོས་གྲུབ་ཀྱང་། འདྲ་སྐུ་དེ་དག་འཇོག་སའི་ས་གནས་འཚམས་པོ་མ་རག་པར་ལྷག་ཡོད།

མི་མང་ཚོས་པ་རཱག་གི་ཨོལ་ཤ་ནི་(Olšany)ལ་ཡོད་པའི་ཡཱན་པ་ལ་ཁའི་དུར་ས་ལ་ཁོང་གི་རྗེས་དྲན་སྲུང་བརྩི་བྱ་རྒྱུ་དེ་རྒྱུན་སྲོལ་ཆགས་ཡོད།