གྲོངས་སའི་གནས།

པ་རཱག ལེ་གྷེ་རོ་བ་སྲང་ལམ་ཨང་༦༣

“པ་རཱག་ལེ་གྷེ་རོ་བ་སྲང་ལམ་ཨང་ ༦༣ ནང་ཡོད་ཆེད་ལས་སྨན་ཁང་ཞིག་ནས་ཡིན་པའི་འགྱིག་ཚིའི་གཤག་བཅོས་སྨན་པ་ལྕམ་ཛ་ཌོ་རོཛ་ན་(Ms. Zádorožná)ལགས་ཀྱིས་ཡཱན་པ་ལ་ཁའི་(སྐྱེས་ལོ་༡༩༤༨)གནད་དོན་གསལ་བཤད་བྱ་རྒྱུའི་ཁས་ལེན་ལྟར་དེ་རིང་དགོང་མོ་ཆུ་ཚོད་༩ ལ་ཕེབས་བྱུང་། མོར་བཅར་འདྲི་ཞུས་པར་བལྟས་ན་ཕྱི་དྲོ་ཆུ་ཚོད་ ༢.༤༥ ཙམ་ལ་ཁོང་གཤག་བཅོས་ཁང་ལ་ཁྱེར་ནས་སྨན་བཅོས་བྱས་ཡོད་འདུག དེ་དུས་ཚབས་ཆེ་མིན་ལ་མ་ལྟོས་པར་ཁོང་གིས་སྐད་ཆ་ཁ་གསལ་བཤད་ཐུབ་པ་དང་། སྨན་ཞབས་པས་ཁོང་ལ་ག་རེ་བྱུང་མིན་འདྲི་སྐབས། ཁོང་གིས་སྲིད་གཞུང་ལ་ངོ་རྒོལ་གྱི་ཆེད་ཁོ་རང་ཉིད་ཀྱིས་བཟོས་པར་དང་ལེན་ཞུས་ཡོད། ཁོང་གིས་ད་དུང་ཁོང་གི་བློས་བཏང་དེ་འབྲས་མེད་གྱུར་ན། ཉིན་ལྔའི་རྗེས་ད་དུང་གཞན་རྣམས་ཀྱིས་ཀྱང་དེ་ལྟར་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།”

སྤྱི་ལོ་ ༡༩༦༩ ཟླ་བ་ ༡ ཚེས་༡༨ ཉིན་བི་བྷི་(VB)རྟོག་ཞིབ་ལས་སྣེ་མེ་ཇྷར་ཡ་རོ་སི་ལ་ཝ་བྷུ་ཁར་(Maj. Jaroslav Buchar)གི་གྲོས་མཐུན་ཡིག་ཆ་ནས་དྲངས།

སྤྱི་ལོ་༡༩༦༩ ཟླ་བ་ ༡ ཚེས་༡༦ ཉིན་སྐར་མ་བཅོ་ལྔ་ཙམ་རང་ལུས་མེར་སྦར་རྗེས། ནད་པའི་རླངས་འཁོར་ཞིག་གིས་ལེ་གྷེ་རོ་བ་སྲང་ལམ་དུ་ཡོད་པའི་པ་རཱག་སློབ་གསོའི་སྨན་ཁང་གི་ཁྱབ་ཁུངས་འགྱིག་ཚི་གཤག་བཅོས་ཁང་དུ་སྐྱེལ་པ་རེད། སྨན་ཁང་འདིར་རང་ལུས་ཚབས་ཆེན་འཚིག་པའི་སློབ་ཕྲུག་དེས་ཆེས་མཐའ་མའི་ཉིན་གསུམ་དེ་སྐྱེལ་པ་རེད། དུས་ཚོད་ཕལ་ཆེ་བར་ཁོང་བཞི་མདོའི་ཡང་སྟེང་གི་སྒེའུ་ཁུང་ནང་ངོས་སུ་ཕྱོགས་པའི་ཁང་པ་ཞིག་ནང་བསྡད་པ་རེད།

ལེ་གྷེ་རོ་བ་སྲང་ལམ་དུ་ཡོད་པའི་འཚིག་བཅོས་སྨན་ཁང་དེ་ ༡༩༥༣ ལོར་སློབ་དཔོན་ཆེན་པོ་ཧྥ་རེན་ཀྱི་ཤེག་བྷུ་རི་ཡན་(Prof. František Burian,1881-1965)ལ་དྲིན་བཟོའི་ཆེད་བཙུགས་པ་རེད། དེ་དེ་སྔོན་བྷོ་རུབ་ཀའི་ནད་གསོ་ཁང་(Boruvka’s Sanatorium)དེའི་ས་གནས་དེར་བཞེངས་ཡོད། དེ་ནས་ཆེད་ལས་འཚིག་བཅོས་སྨན་ཁང་(དེང་སྐབས་ཀ་ར་ལོབ་སི་ཀེ་བི་ནོ་ཧ་ར་ཌི་སློབ་གསོའི་སྨན་ཁང་(Kralovske Vinohrady Teaching Hospital)ཡན་ལག)བཙུགས་རྗེས། ༡༩༨༣ ལོར་དེ་སྔོན་སྨན་ཁང་དེ་ལེགྷེ་རོ་བ་སྲང་ལམ་ནས་བཞི་མདོརགསར་པ་དེར་སྤོས་པ་རེད། བཞི་མདོར་རྙིང་པ་དེང་སང་པ་རཱག་མེ་སྲུང་ཁང་(fire brigade)གི་བདག་འོག་ཏུ་

>>>

ཡོད། བརྗོན་རིན་ཆོག་པ་ཞིག་ལ་ཅི་ཧོ་ཤི་ཀྱེ་(Čihošť)ནས་ཡིན་པའི་སློབ་དཔོན (pastor)ཡོ་སེབ་ཏོའུ་ཧྥར་(Josef Toufar)ལགས་ཀྱང་། ཨེས་ཊི་བྷི་ལས་སྣེ་ཚོས་(StB officers)རྨས་སྐྱོན་བཏང་རྗེས་གཤག་བཅོས་ལེགས་འགྲུབ་མ་བྱུང་བར་ སྤྱི་ལོ་༡༩༥༠ ཟླ་བ་ ༢ ཚེས་༢༥ ཉིན་སྨན་ཁང་འདིར་གྲོངས་པ་རེད།

ལེགྷེ་རོ་བ་སྲང་ལམ་དེ་བིལ་སོ་ནོ་བ་སྲང་ལམ་དང་ནུ་སལེ་ཟམ་པ་གསུམ་སྦྲེལ་ནས་ཡོད། དེའི་རིང་ཚད་མི་ཊར་༡༧༥༠ ཙམ་ཡོད། ཐོག་མར་ལམ་དེ་གྲོང་ཁྱེར་གྱི་འཐབ་རགས་བརྒྱུད་གྲོང་ཁྱེར་དབུས་ཀྱི་ལྷོ་ངོས་སུ་ཡོད་པའི་ནུ་སི་ལེ་(Nusle)རྫོང་ནས་ཤི་ཏི་ཝ་ནི་ཙེ་མཚོ་གླིང་(Štvanice Island)འགྲམ་གྱི་ཆུའི་རབ་ཁ་བར་ཡོད།

༡༨༨༥ ལོར་དེ་ལ་གཞུང་འབྲེལ་གྱི་མིང་ཐོག་མ་ཏ་བྷོར་སི་ཀ་སྲང་ལམ་(Táborská Street)ཞེས་བཏགས་པ་རེད། ༡༩༡༩ ལོར་དེ་ལ་ཕ་རན་སི་ནས་ཡིན་པའི་སི་ལེ་ཝིག་སྐད་བརྡ་རིག་པ་བ་ (French Slavicist) དང་རྩོམ་པ་པོ་ལོ་ཡིས་ལེ་གྷར་(Louis Leger, 1843-1923)གྱི་མིང་དེ་བཏགས་པ་རེད། སྤྱི་ལོ་ ༡༩༤༠-༡༩༤༥ བར་དེའི་མིང་ལ་ཧབ་ལི་ཅི་ཀོ་བ་སྲང་ལམ(Havlíčkova Street)ཞེས་བཏགས་ཡོད་ཅིང་། དེ་རྗེས་སླར་ཡང་ལེགྷེ་རོ་བ་སྲང་ལམ་དང་༡༩༧༨-༡༩༩༠ བར་དེ་ལ་མི་མང་ཡུལ་སྡེ་སྲུང་དམག་གི་རྒྱ་ལམ་ཞེས་པའི་མིང་ཐོགས།

>>>