ཡཱན་པ་ལ་ཁ་རྗེས་དྲན།

མེལ་ནིཀ ཡུང་མཱན་ལྡུམ་རྭ། (Mělník Jungmann Gardens)

“ཁོང་ནི་སློབ་མ་ཁ་ཁུ་སིམ་པོ་ཞིག་ཡིན་ལ། ཆབ་སྲིད་སྐོར་ལ་དོ་སྣང་ཆེན་པོ་ཡོད་པས་ཉིན་ལྟར་ཚགས་ཤོག་ཀློག་གི་ཡོད། ཁོང་འཛིན་གྲོགས་ཚོ་དང་མཐུན་ལམ་ཡག་པོ་ཡོད་ལ་མི་མང་པོས་དགའ་མོས་ཆེན་པོ་བྱེད་ས་ཞིག་ཡིན། ཤེས་ཚད་སྐྱོ་བོ་ཡོད་པའི་སློབ་ཕྲུག་ཚོ་དང་དམིགས་བསལ་རྒྱལ་རབས་ཤེས་ཚད་ཞན་པ་ཚོར་རོགས་པ་ཡག་པོ་བྱེད་མཁན་ཞིག་རེད།”

མེལ་ནིཀ་(Mělník)འབྲིང་རིམ་སློབ་གྲྭའི་དགེ་རྒན་ཆེན་པོས་ཡཱན་པ་ལ་ཁའི་སྐོར་ལ་དཔྱད་ཞིབ་བྲིས་པ་དེ་ལས་༡༩༦༩ ཟླ་བ་ ༢ ཚེས་ ༢༧ ཉིན་དྲངས།

སྤྱི་ལོ་ ༡༩༦༣ ནས་ ༡༩༦༦ བར་ཡཱན་པ་ལ་ཁ་མེལ་ནིཀ་ཡོད་པའི་བརྡ་སྤྲོད་སློབ་གྲྭ་ཞིག་ཏུ་འགྲིམས་ཡོད་ལ། སློབ་གྲྭ་དེ་ ༡༩༦༠ རེ་གྲངས་ནང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་(USSR)ཀྱི་ཡོངས་ཁྱབ་འབྲིང་རིམ་སློབ་གྲྭའི་(SVVS)ངོ་བོར་བསྒྱུར་བ་རེད། སྤྱི་ལོ་ ༡༩༩༠ ལོར་བསྐྱར་དུ་སློབ་གྲྭ་དེའི་མིང་ “ཡཱན་པ་ལ་ཁ་བརྡ་སྤྲོད་སློབ་གྲྭ”ཞེས་བཏགས་པ་རེད། བརྡ་སྤྲོད་སློབ་གྲྭའི་མདུན་ངོས་ལ་ཡཱན་པ་ལ་ཁ་དྲན་རྟེན་འདྲ་སྐུ་ཞིག་ཡོད། དེའི་བཟོ་བཀོད་དེ་ཧཱན་གྷ་རི་ཡེན་(Hungarian)འཇིམ་བཟོ་བ་ཨཱན་དྷ་ར་ཤ་ བྷེཀ་(Andras Beck 1911-1985)གིས་བཟོས། ཁོང་ནི་ ༡༩༤༨ ནས་པེ་རི་སི་(Paris)ལ་སྡོད་ཡོད། “ཡཱན་པ་ལ་ཁར་ཆེ་བསྟོད།”ཅེས་པའི་འདྲ་སྐུ་དེ་ ༡༩༦༠ རེ་གྲངས་ལ་བཟོས་པ་དང་། དེ་ནི་རང་ལུས་མེར་འབར་བཞིན་པའི་གྲིབ་གཟུགས་ཀྱི་བཟོ་ལྟར་བཟོས་ཡོད།

སྤྱི་ལོ་ ༢༠༠༧ ཟླ་བ་ ༩ ནང་བྷེཀ་(Beck)གིས་བཟོས་པའི་འདྲ་སྐུ་ཆུང་བ་གཅིག་པ་རཱག་ཡཱན་པ་ལ་ཁ་བརྡ་སྤྲོད་སློབ་གྲྭར་བཞག་ཡོད་པ་རེད། དེ་ནི་འཇིམ་བཟོ་བ་ཨཱན་དྷ་ར་ཤ་བྷེཀ་གི་གྲོགས་པོའི་ཚོགས་པ་ནས་ཕུལ་བའི་སྐྱེས་ཡིན་པ་རེད། (Society of Friends of the Sculptor Andras Beck). དེ་ནས་ཚོགས་པ་དེས་འདྲ་སྐུ་ངོ་མ་དེ་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republic)ལ་ཕུལ་ཡང་། ཅེག་གཞུང་ཚབ་པ་དེས་ངོས་ལེན་མ་བྱས་པར་ འདྲ་སྐུ་དེ་ཕ་རན་སི་ལ་ཁུར་འགྲོ་དགོས་པར་བཤད།

>>>

དེ་ལྟ་ནའང་མེལ་ནིཀ་(Mělník)སྐུ་ཚབ་ཚོས་འདྲ་སྐུ་དེ་ཡཱན་པ་ལ་ཁ་ས་གནས་བརྡ་སྤྲོད་སློབ་གྲྭ་དེར་ཞུགས་པའི་རྗེས་དྲན་ཆེད་དགོས་གལ་ཆེན་པོ་ཡིན་པའི་བསམ་ཚུལ་བཏོན་པ་རེད། འདྲ་སྐུ་ལ་ལུགས་རྒྱག་ཡག་དང་། དབོར་འདྲེན། བཞེངས་ཡག་བཅས་ཅེག་ཕ་རན་སི་ལས་གཞི་ཞིག་གི་འོག་ལ་མཉམ་འབྲེལ་བྱས་ཤིང་། གྲོང་སྡེ་དེ་ནས་འགོ་ཚུགས་པའི་མ་དངུལ་རྩ་འཛུགས་ཀྱིས་འགྲོ་གྲོན་བཏང་བ་རེད།

སྤྱི་ལོ་ ༢༠༠༩ ཟླ་བ་ ༡ ཚེས་ ༡༩ ཉིན་རྗེས་དྲན་འདྲ་སྐུ་ཞལ་འབྱེད་བྱས་པས་མང་ཚོགས་བྱིངས་ཀྱིས་དགའ་མོས་ཧ་ཅང་བྱས་ཡོད་ལ། མཛད་སྒོ་དེར་ཕ་རན་སི་གཞུང་ཚབ་པ་པིཡེ་རི་ལེ་བི་(Pierre Levy)དང་། ཧཱན་གྷ་རི་ཡེན་གཞུང་ཚབ་པ་ལཱེས་ཛ་ལོ་སཛོ་ཀེ་(Laszlo Szoke) ཅེག་སྲིད་འཛིན་ཝ་ཙ་ལ་བ་ཀ་ལའུ་སི་(Vaclav Klaus)སོགས་ཆབ་སྲིད་པ་དང་སྐུ་ཚབ། དེ་མིན་གཞན་ཁག་བཅས་མང་པོ་ཕེབས་ཡོད། འདྲ་སྐུ་དེ་སྟེགས་བུ་ཞིག་གི་སྟེང་བཞེངས་ཡོད་ཅིང་། ཅེག་དང་ཕ་རན་སི་གཉིས་ཀྱི་ཡི་གེའི་ནང་ “རང་དབང་ཆེད་དུ་མི་ཚེ་བཏང་བའི་ཡཱན་པ་ལ་ཁར་ཆེ་བསྟོད། ༡༩༤༨ ཟླ་བ་ ༨ ཚེས་༡༡ ནས ༡༩༦༩ ཟླ་བ་ ༡ པོའི་ཚེས་༡༩། ༢༠༠༩ཟླ་བ་༡ ཚེས་ ༡༩ ཅེག་དང་ཧྥ་རན་སི་(Czech-French)ལས་གཞི།”ཞེས་མིང་བྱང་བྲིས་ཡོད།

>>>