“ཡཱན་པ་ལ་ཁར་ཆེ་བསྟོད་ཀྱི་”འདྲ་སྐུ།

ཝི་ཤེ་ཏ་ཏི། ནེཌོ་མིཀ་ཀ་སྲང་ལམ། (Všetaty, Nedomická street)

“ལྕམ་པ་ལ་ཁོ་ཝ་(Mrs Palachová)ལ་རང་གི་བུའི་མིང་བརྐོས་པའི་དུར་རྡོ་ཡོད་པ་དེ། ཝི་ཤེ་ཏ་ཏི་པུར་ཐལ་འཇོག་ས་(cinerarium)ལ་ཡོད་པའི་ནང་མིའི་དུར་ས་དེར་ཡཱན་པ་ལ་ཁའི་པུར་ཐལ་བླུག་པའི་བུམ་པ་འཇོག་ཆེད་ཡིན། གང་ལྟར། མོས་དེ་མ་བཞག་གོང་ལ་དུར་སའི་འགན་ཁུར་པ་དེས་མོ་ལ་དེ་རྐུ་བརླག་ཤོར་བའི་སེམས་ཁྲལ་ཡོད་སྐོར་བཤད་ཡོད།”

སྤྱི་ལོ་ ༡༩༧༤ ཟླ་བ་ ༤ ཚེས་ ༡༠(ABS)ཉིན་ཡཱན་པ་ལ་ཁའི་པུར་ཐལ་བུམ་པ་དེ་ཝི་ཤེ་ཏ་ཏི་ལ་འཇོག་པའི་སྐོར་ལ། ཨེས་ཊི་བྷི་(StBགསང་བའི་ཉེན་རྟོག་པ་)གིས་གསར་འགྱུར་བཀོད་པ་ལས་དྲངས།

སྤྱི་ལོ་ ༡༩༧༤ ནས་ ༡༩༩༠ ལོ་སྟེ། ཨོལ་ཤ་ནི་དུར་ས་(Olšany grave)བཏོན་པའི་རྗེས་སུ་ཡཱན་པ་ལ་ཁའི་པུར་ཐལ་བུམ་པ་དེ་ཝི་ཤེ་ཏ་ཏི་པུར་ཐལ་འཇོག་ས(Cinerarium)ལ་བཞག་པ་རེད། དེ་ལྟར་ནང་མིའི་དུར་ས་དེ་ཡཱན་པ་ལ་ཁ་ལ་ཆེ་བསྟོད་ཅན་གྱི་མི་མང་འཛོམས་ས་ཞིག་ཏུ་གྱུར་པ་རེད། ལྷག་པར་དུ་བདེ་སྲུང་དམག་མིས་བཀག་འགོག་བྱས་པའི་ས་གནས་དེ། སྤྱི་ལོ་ ༡༩༨༩ ཟླ་བ་ ༡ པོའི་ནང་སྒྲིག་གཞི་དོན་ཚན་ ༧༧ པ་ (Charter 77) དང་ཕྱོགས་འགལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་བྱས་པའི་རྒྱལ་ཡོངས་གནས་མཇལ་གྱི་དམིགས་ཡུལ་ཞིག་ཏུ་གྱུར་པ་རེད། ༡༩༩༢ ལོར་ཡཱན་པ་ལ་ཁ་ཚོགས་པ་ནས་བུན་ལེན་བྱས་ནས་ཝི་ཤེ་ཏ་ཏི་པུར་ཐལ་འཇོག་སར་ཁོང་གི་མིང་བྱང་ཞལ་འབྱེད་བྱས་པ་དང་། ལོ་གཉིས་ཀྱི་རྗེས་སུ་“ཡཱན་པ་ལ་ཁར་ཆེ་བསྟོད།”ཅེས་པའི་རྗེས་དྲན་འདྲ་སྐུ་ཞིག་ཀྱང་བཞེངས་པ་རེད། འདྲ་སྐུ་དེ་ནི་ཆེད་ལས་འཇིམ་བཟོ་བ་ཧྥ་རཱན་ཏི་ཤེག་ཡཱན་དྷ་ (František Janda སྐྱེས་ལོ་ ༡༩༣༡) ཡིས་རང་ཉིད་ཀྱི་འཆར་འགོད་ལ་བསྟུན་ཏེ་ ༡༩༦༩ ཟླ་བ་ ༡ ནས་བཟོས། རྗེས་དྲན་འདྲ་སྐུ་དེ་ཐོག་མར་ཡཱན་པ་ལ་ཁས་རང་ལུས་མེར་བསྲེགས་བཏང་ས་དེར་བསླང་རྒྱུ་བྱས་ཤིང་། གཙུག་ལག་སློབ་གཉེར་བ་ཚོས་ལས་འཆར་དེར་རྒྱབ་སྐྱོར་བྱས་ནས།

>>>

ཧྥ་རཱན་ཏི་ཤེག་ཡཱན་དྷ་དང་མཉམ་དུ་ཁོང་ཚོས་འབད་པ་ཆེན་པོས་སྲིད་འཛིན་ལུཌ་བིཀ་ སབོ་བྷོ་རྡ་(Ludvík Svoboda)ལ་རྒྱབ་སྐྱོར་དགོས་སྐོར་ཞུས་ཀྱང་མ་གནང་བས། ༡༩༨༩ རྗེས་སུ་འཇིམ་བཟོ་བ་དེས་རྗེས་དྲན་འདྲ་སྐུ་དེ་ཧ་ར་ཌེ་ཙི་ཀ་ར་ལོ་ཝེ་(Hradec Kralove)གི་ཆར་ལེ་སི་གཙུག་ལག་སློབ་ཁང་(Charles University)གི་སྨན་སྦྱིན་སྡེ་ཚན་ནང་བཞག་རྒྱུའི་འཆར་གཞི་བཀོད་པ་རེད།

>>>