ཡཱན་པ་ལ་ཁ་དྲན་རྟེན།
རོམ། པིཡ་ཛ། ཡཱན་པ་ལ་ཁ།(Rome, Piazza Jan Palach)
“ནམ་མཁའ་རྣམ་པར་བཀྲ་ཞིང་ཉིན་མོ་ཚ།
རྡོ་ཡི་སྟེགས་བུ་སྲ་ལ་འཐས།
འདི་ནི་ལྷ་ཡིས་ཚོན་རྩི་བཏང་བའི་སྔོན་པོ་གནམ།
ཕར་ན་ཁྱེད་ཀྱི་དཔུང་ཟུང་གྱེན་ལ་སྒྲེང་།
སོར་མོའི་རྩེ་རྣམས་མཁའ་ཡི་ངོས་ལ་རེག།”
རོམ་དུ་ཡོད་པའི་ཡཱན་པ་ལ་ཁ་རྗེས་དྲན་དུ་ཨ་ནཱས་ཊཛ་ཨོ་པ་སེཀ་(Anastáz 0pasek)གིས་བྲིས་པའི་སྙན་ངག
ཡཱན་པ་ལ་ཁས་རང་ལུས་མེར་སྲེག་བཏང་བ་དེས་ཨི་ཊ་ལིའི་ནང་གཡོ་འགུལ་ཆེན་པོ་ཐེབས་ཡོད་ལ། སྤྱི་ལོ་ ༡༩༦༩ ཟླ་བ་ ༡ མཇུག་ནས་རོམ་གྱི་གསར་ཤོག་སྒུལ་བསྐྱོད་མྱུར་ཚད་གཉིས་པ་(II Tempo)ཞེས་པའི་སྣེ་ཁྲིད་འོག། ཡཱན་ཕ་ལྷ་དྲན་རྟེན་བཞེངས་རྒྱུའི་མ་དངུལ་ཐེབས་རྩའི་ལས་འགུལ་ཞིག་འགོ་བཙུགས་པ་རེད། ལས་འགུལ་དེ་ལེཊ་འགྲུབ་བྱུང་ནས་ལོ་གཅིག་གི་རྗེས་སུ་ཡཱན་པ་ལ་ཁའི་སྐུ་འདྲ་ཞིག་མཛད་སྒོའི་ཐོག་ཞལ་འབྱེད་གནང་ཞིང་། རོམ་སྤྱི་ཁྱབ་དཔོན་པོ་དང་གྲོས་ཚོགས་འཐུས་མི་ཡིན་པ་སལེ་ལིཡོ་ཌ་རི་རྡ་(Clelio Darida)ལགས། རོམ་སྐུ་ཚབ་ཚོགས་པའི་ཚོགས་གཙོའི་ངོ་ཚབ་ཀྱིས་པ་རཱག་ལ་ཡཱན་པ་ལ་ཁའི་གཤིན་ཆོག་བྱེད་སར་ཕེབས་ནས་གཏམ་བཤད་གནང་ཡོད།
སྤྱི་ལོ་ ༡༩༧༠ ཟླ་བ་ ༡ ཚེས་༡༨ རེས་གཟའ་ཉི་མའི་ཉིན་མོར་དྲན་རྟེན་ཞལ་འབྱེད་ཚོགས་སྐབས། ཡཱན་པ་ལ་ཁར་ཆེ་བསྟོད་ཀྱི་ཆེད་སྐུ་འདྲ་འཇོག་སའི་ས་གནས་དེར་བསྐྱར་དུ་ཡཱན་པ་ལ་ཁ་ས་གནས་(Square)ཞེས་བཏཊ། (ཐོག་མའི་མིང་དེ་ཨོ་རྕེད་ཐེངས་བཅུ་བདུན་པའི་ས་གནས་ཡིན།)(The 17th Olympic Games Square)ཉེ་འཁྲིས་ཀྱི་སྲང་ལམ་རྣམས་ལ་ ༡༩༦༠ ལོའི་དབྱར་དུས་ཨོ་རྩེད་དུ་འཛུལ་ཞུགས་བྱེད་མཁན་གྱི་ས་གནས་ཁག་མིང་བཏགས་ཡོད་པ་རེད། སྲང་ལམ་གཅིག་གི་མིང་ལ་ཅེག་སུལོ་བ་ཀི་ཡ་ཞེས་པའི་མིང་བཏགས་ཡོད། དྲན་རྟེན་སྐུ་འདྲ་དེ་ཨི་ཊ་ལི་འཇིམ་བཟོ་བ་བིཊ་ཊོ་རིཡོ་ ཌི་ཀོལ་བྷར་ཊལ་ཌོ་(Vittorio di Colbertaldo, 1902-1979)ཡིས་བཟོས་པ་རེད། ལིའི་སྐུ་འདྲ་དེ་རྡོ་ཁར་གོང་སེར་པོའི་སྟེགས་བུ་ཞིག་གི་ཐོག་ལ་བཞག་ཡོད་ལ། སྐུ་འདྲ་ཡི་ཕྱོགས་ཀུན་དུ་མེ་ལྕེ་ཡོད་པ་དང་ལག་ཟུང་གནམ་ལ་ཀེར་བ་ཞིག་བཟོས་ཡོད། གསོན་ཉམས་ལྡན་པའི་སྐུ་འདྲ་དེའི་བཟོ་བཀོད་ནི་ཨོ་རྩེད་གྲོང་གི་ཆ་ཤས་སུ་བསྐྲུན་པའི་དེང་དུས་ཁྱིམ་མཚེས་ཀྱི་ཁང་ཆེན་དག་གི་བཟོ་བཀོད་ལ་འགྲན་ནུས་པ་ཞིག་ཡོད། ཨི་ཊ་ལི་ནང་ལ་ཡཱན་པ་ལ་ཁའི་མིང་བཏགས་པ་ནི་རོམ་ལ་ཡོད་པའི་ས་གནས་ (Square)གཅིག་པུ་མིན་པར། ཝེ་ནི་སི་(Venice)ལ་ཡོད་པའི་མཐོ་སློབ་ས་ཁོངས་དང་། ཏེ་རེ་སི་ཏེ་(Trieste)ལ་ཡོད་པའི་དྲན་རྟེན་ཐེམ་སྐས་སོགས་སྲང་ལམ་བཅུ་ཡོད།