ཨེ་ལི་ཡཱ་ཧུ་རི་པཱས།
༡༩༤༨ ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས། ལ་ཊ་ཝི་ཨའི་རི་གྷ།
ཨ་རོ་ནོ་ཝི་ཨ་རི་པཱས། ༡༩༦༩ལོའི་ཟླ་བཞི་བའི་ཚེས་བཅུ་གསུམ།
༡༩༦༩ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ལོ་ན་ཉི་ཤུར་སོན་ཞིང་། རྩིས་རིག་ཀྱི་སློབ་མ་ཡིན་པ་མཚན་ལ་ཨིལ་ཡཱ་ཨ་རོ་ནོ་ཝི་ཨ་རི་པཱས་ཞུ་བ་ཞིག་གིས་ཅེག་སི་ལོ་ཝ་ཀི་ཡའི་བཙན་འཛུལ་ལ་ངོ་རྒོལ་བྱ་ཕྱིར་རང་ལུས་མེར་བསྲེགས་བྱས་ཡོད་པ་རེད།
ཨེ་ལི་ཡཱ་ཧུ་རི་པཱས།
༡༩༦༩ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ལོ་ན་ཉི་ཤུར་སོན་ཞིང་། རྩིས་རིག་ཀྱི་སློབ་མ་ཡིན་པ་མཚན་ལ་ཨིལ་ཡཱ་ཨ་རོ་ནོ་ཝི་ཨ་རི་པཱས་ཞུ་བ་ཞིག་གིས་ཅེག་སི་ལོ་ཝ་ཀི་ཡའི་བཙན་འཛུལ་ལ་ངོ་རྒོལ་བྱ་ཕྱིར་རང་ལུས་མེར་བསྲེགས་བྱས་ཡོད་པ་རེད།
ཁོང ༡༩༤༩ ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་ལ་ཊ་ཝི་ཨའི་རི་གྷ་ཞེས་པའི་གྲོང་དེར་སྐྱེས་ཤིང་། མིང་ལ་ཨིལ་ཡ་ཨ་རོ་ནོ་ཝི་ཁ་རི་པཱས་བཏགས། ༡༩༧༡ལོར་ཁོང་ཨི་ས་རེལ་དུ་གནས་སྤོས་བྱས་རྗེས་ཁོང་གི་མིང་བརྗེས་ཏེ་ཨེ་ལི་ཡ་ཧུ་བཏགས། ཁོང་ནི་རྗེ་ཨུ་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་ཞིང་། ཁོང་གི་རི་གྷའི་གྲོང་གི་ཨ་ཕ་རྩིས་རིག་དགེ་རྒན་ཡིན། ཁོང་ནི་རྣམ་རིག་བཀྲ་བའི་སློབ་མ་ཞིག་ཡིན་པས་གཞི་རིམ་སློབ་གྲྭ་ལོ་གཉིས་ཀྱི་སྔོན་དུ་ཚར། ༡༩༦༤ལོར་མཱོ་སི་ཀོ་རུ་ཚོགས་པའི་རྒྱལ་སྤྱིའི་རྩིས་རིག་རྩེད་འགྲན་ཆེན་མོར་ཞུགས། རང་ལོ་བཅུ་དྲུག་ལ་ཁོང་ལ་ཊི་ཝི་ཨ་སློབ་གྲྭ་ཆེན་མོར་འཛུལ་ཞིང་། དེར་ཁོས་རྫས་འགྱུར་དང་རྩིས་རིག་སྡེ་ཚན་དུ་རྩིས་རིག་སྦྱངས།
༡༩༦༨ལོར་ཁོང་གིས་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ཁང་ནས་ཉན་པའི་ཅེག་སི་ལོ་ཝ་ཀི་ཡའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱུང་། ༡༩༦༨ལོའི་དབྱར་ཁར་ཁོང་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་བཞིན་དུ་དམག་སྦྱོང་བྱེད་པར་ཀ་ལི་ནིན་ག་ར་ད་(Kaliningrad)ལ་བཏང་། རྗེས་སུ་ཁོང་གི་དམར་སྒར་དེ་སུའུ་ཝེད་ཀྱིས་ཅེག་སི་ལོ་ཝ་ཀི་ཨའི་ལ་བཙན་འཛུལ་བྱེད་ས་དེར་འཁེལ། དམག་སྒར་འདིར་ཡོད་པའི་སློབ་མ་རྣམས་ཕྱིར་རི་གྷ་རུ་མངགས། པ་རཱག་རུ་དམག་གིས་གཉའ་གནོན་བྱས་པ་དེས་རི་པཱས་ལགས་ལ་བློ་ཕམ་ཚད་མེད་བཟོས།
༡༩༦༩ལོའི་ཟླ་དང་པོར་ཁོང་གིས་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་སྐོར་གོ་ཐོས་བྱུང་(ཁོང་གིས་སོ་ཝེ་ཏ་རུ་མི་ལུས་མཆོད་མེར་སྒྲོན་མཁན་གཞན་རྣམས་ཀྱི་སྐོར་ཤེས་རྟོགས་བྱུང་མེད)། རིམ་པས་རི་པཱས་ལགས་ཀྱིས་ལམ་ཀ་འདི་རང་ནས་ངོ་རྒོལ་བྱ་རྒྱུའི་ཐག་བཅད། ཡིན་ཡང་ཡཱན་པ་ལ་ཀའི་དམིགས་ཡུལ་དང་མི་འདྲ་བ་ཞིག་ནི་ཁོང་གིས་མང་ཚོགས་ཀྱིས་ངོ་རྒོལ་བྱ་ཆེད་བྱ་བ་འདི་བརྩམས་པ་མ་རེད། ཁོང་གིས་“འདི་ནི་ཁོ་བོ་རང་ཉིད་སྒེར་གྱི་ངོ་རྒོལ་ཡིན་པས། མི་གཞན་རྣམས་སྐུལ་སློང་བྱེད་འདོད་མེད། ངའི་བྱ་སྤྱོད་འདི་ང་རང་འདོད་པ་མ་ཚིམས་པར་བྱས་པ་རང་ཡིན། ངས་དམར་ཤོག་ཚོགས་པ་འཐོར་ཞིག་འགྲོ་ཐུབ་རྒྱུ་མ་རེད་དྲན་མོད། ཡིན་ཡང་མཐའ་མ་དེ་འཐོར་ཞིག་ཏུ་ཕྱིན་སོང་། ”ཅེས་གསུངས་ཡོད། ཁོང་གིས་ངོ་རྒོལ་དེ་བྱ་ཆེད་ཉིན་འགའི་རིང་གྲ་སྒྲིག་བྱས་ཡོད། ཁོང་གིས་ “ངས་ཅེག་སི་ལོ་ཝ་ཀ་ཡའི་བཙན་འཛུལ་ལ་ངོ་རྒོལ་བྱེད་བཞིན་ཡོད”ཅེས་འཁོད་པའི་འཕྲེད་དར་ཞིག་བཟོས་པར་མ་ཟད་ཁོང་གི་གྲོགས་པོ་ཚོ་ལ་བསྐུར་རྒྱུའི་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་ཡོད།
ཁོང་གིས་ངོ་རྒོལ་བྱ་སའི་ས་ཆ་མངོན་གསལ་ཅན་ཞིག་བདམས། དེ་ནི་བཞི་མདོར་ཆགས་པའི་རང་དབང་སྐུ་བརྙན་ཏེ་རི་གྷའི་གྲོང་དཀྱིལ་དུ་ཡོད་པ་དེ་དང་མིང་གཅིག་མཚུངས་རེད། ཁོང་༡༩༦༩ལོའི་ཟླ་བཞི་བའི་ཚེས་བཅུ་གསུམ་གྱི་ཉིན་རྒྱབ་ཆུ་ཚོད་བཞི་བ་ཙམ་ལ་ལག་ཏུ་ས་སྣུམ་འགྱིག་དམ་གང་དང་འབར་ཞུན། ཚགས་ཤོག་ཏུ་དྲིལ་བའི་འཕྲེད་དར་བཅས་ཁུར་ཏེ་དེར་ཡོང་། “ངས་རང་གི་མགོར་ས་སྣུམ་བླུགས་ཤིང་། འཕྲེད་དར་དེ་བཤིག་སྟེ་ས་རུ་བགྲད་རྗེས། རང་ལུས་མེར་བསྲེགས་བྱས་པ་ཡིན། ངས་འཕྲེད་དར་བཤིག་སྐབས་དེར་ཕྱི་བཤིག་བྱ་ས་མི་འདུག” ལམ་འགྲུལ་བ་རྣམས་ཀྱིས་ལམ་སང་མེ་བསད་པས་རི་པཱས་ལགས་སྐེ་དང་དཔུང་བ་ཅུང་འཚིག་པ་ལས་སྐྱོན་ཆེར་མ་བྱུང་། གློ་བུར་དུ་ས་དེར་མི་མང་པོ་ཚོགས་ཤིང་། དེའི་ནང་གི་གཅིག་རྒྱལ་སྲུང་ལྷན་ཁང་གི་ཚོགས་མི་ཡིན་པས་དེས་རི་པཱས་ལགས་ཉེན་རྟོག་ཁང་དུ་འདྲི་གཅོད་བྱེད་པར་ཁྲིད། ཆུ་ཚོད་འགའི་རྗེས་སུ་ལུས་པོ་མེས་འཚིག་ཡོད་པའི་གཞོན་ནུ་ཁོང་རིག་ཚོར་མ་ཟིན་པའི་སྨན་ཁང་ཞིག་ཏུ་ཁུར་ཞིང་། དེར་ཁང་ཆུང་ཞིག་ཏུ་བཙུད་དེ་བཞག ཕྱི་ཉིན་དེར་རི་པཱས་ལགས་“སོ་ཝེ་ཏའི་ལས་འགུལ་ལ་ཁ་གཏོད་མཁན་”གྱི་ཉེས་མིང་འོག་དངོས་སུ་འཇུ་བཟུང་བྱས་ཏེ། རི་གྷ་གྲོང་གི་བཙན་ཁང་ཞིག་ཏུ་གནས་སྤོས། ཁོང་སློབ་གྲྭ་ཆེན་མོ་ནས་ཀྱང་ཕྱི་འབུད་བཏང་།
༡༩༦༩ལོའི་ཟླ་བཅུ་བར་རི་པཱས་ལགས་རིག་ཚོར་མི་ཟིན་པའི་ཁྱབ་བསྒྲགས་བྱས་ཏེ། རི་གྷ་གྲོང་གི་སྨྱོ་ནད་སྨན་ཁང་ཞིག་ཏུ་བསྐྱལ། ཡིན་ཡང་སྨན་པ་ཚོས་ཁོང་ལ་ཡག་པོ་བྱས་ཤིང་། ཁོང་དང་ནང་མི་རྣམས་ཐུག་འཕྲད་ཀྱང་བྱ་བཅུག སོ་ཝེ་ཏའི་གཞུང་ལ་རྒོལ་མཁན་ཝ་ལ་ཌི་མིར་བྷུ་ཀོ་ཝཱས་ཀི་(Vladimir Bukovski)ལགས་ཀྱིས་ཁོང་གི་གནས་ཚུལ་དེ་རྒྱལ་སྤྱིའི་རྩིས་རིག་ལྷན་ཚོགས་ལ་ཞུགས་མཁན་རྣམས་ལ་སྤྲད། རྒྱལ་སྤྱིས་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་རི་པཱས་ལགས་༡༩༧༡ལོའི་དཔྱིད་ཀར་སྨན་ཁང་ནས་གློད། ལོ་དེའི་ལོ་མཇུག་ཏུ་ཁོང་དང་ཁོང་གི་ནང་མི་རྣམས་ཨི་ཟི་རེལ་ལ་གཞིས་སྤོས། ༡༩༧༢ལོའི་ཟླ་དང་པོ་ནས་ཁོང་ཨི་ཟི་རེལ་ལ་བསྡད་དེ་རྗེ་རུ་ས་ལེམ་དུ་བརྟན་གཞི་བྱས་པའི་ཧིབ་རུ་(Hebrew)སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱས་ཤིང་། ད་ལྟ་དེར་སློབ་དཔོན་ཆེན་མོའི་གོ་གནས་འཛིན་བཞིན་གནས། ༢༠༠༩ལོའི་ཟླ་བཞི་བར་ཨི་ལི་ཡ་ཧུ་ལགས་པ་རཱག་(Prague)ཐོག་དང་པོར་ཡོང་།
>>>
HRADILEK, Adam: Myslet na celý svět. Rozhovor s Elijahu Ripsem, In: Paměť a dějiny, roč. 3, č. 1 (2009), s. 40–45, dostupné na stránce http://www.ustrcr.cz/data/pdf/pamet-dejiny/pad0901/040-045.pdf (ověřeno 19. 7. 2011).
HRADILEK, Adam (ed.): Za vaši a naši svobodu. Torst – ÚSTR, Praha 2010.
JANSONS, Ritvars (ed.): The Aftermath of Prague Spring nad Charter 77 in Litvia/the Baltics. The State Archives of Latvia, Vilnius 2008, dostupné na stránce http://www.itl.rtu.lv/LVA/Praga68/index.php?id=1002 (ověřeno 19. 7. 2011).
KAMIŃSKI, Łuskaz: První živá pochodeň ve východním bloku. Ryszard Siwiec (1909–1968), In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 115–127.