ཨོ་སི་ཀར་བྷུ་རུ་ཤེ་ཝི་ཙེ།
༡༩༢༩ ལོའི་ཟླ་ལྔ་བའི་ཚེས་སུམ་ཅུ། ཝིལ་ཀི་སི་ཀེའི(Vilkysiai)རུ།
༡༩༧༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས། ཧ་ལེ(Halle)རུ།
“ཚང་མ་ལ་རླུང་འཕྲིན་བརྡ་ལན་ཞིག་ཡོད། ཚང་མ་ལ་རླུང་འཕྲིན་བརྡ་ལན་ཞིག་ཡོད། GDR ལ་ཡོད་པའི་ཡེ་ཤུ་ལྷ་ཁང་གིས་དམར་ཤོག་གི་ལྟ་བས་གཞོན་སྐྱེས་དང་བྱིས་པ་རྣམས་སློབ་གྲྭ་རུ་མནར་གཅོད་གཏོང་བཞིན་ཡོད་ཅེས་རྗོད་བཞིན་ཡོད།”
ཨོ་སི་ཀར་བྷུ་རུ་ཤེ་ཝི་ཙེ། ༡༩༧༦ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས།
༡༩༧༦ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ཨོ་སི་ཀར་བྷུ་རུ་ཤེ་ཝི་ཙེ་ཞེས་འབོད་པའི་ཡེ་ཤུའི་ཆོས་འཕྲིན་སྐུར་མཁན་གྱི་ཆོས་དཔོན་ཞིག་ཡེ་ཤུ་བ་རྣམས་ལ་མནར་གཅོད་གཏོང་བ་དང་ལྷ་ཁང་དུ་གཞུང་གི་ལས་ཁུངས་བཙུགས་པ་བཅས་ལ་ངོ་རྒོལ་བྱ་ཕྱིར་རང་ལུས་ལ་ས་སྣུམ་བླུགས་ནས་མེ་རུ་བསྒྲོན་ཡོད་པ་རེད།
༡༩༧༦ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ཨོ་སི་ཀར་བྷུ་རུ་ཤེ་ཝི་ཙེ་ཞེས་འབོད་པའི་ཡེ་ཤུའི་ཆོས་འཕྲིན་སྐུར་མཁན་གྱི་ཆོས་དཔོན་ཞིག་ཡེ་ཤུ་བ་རྣམས་ལ་མནར་གཅོད་གཏོང་བ་དང་ལྷ་ཁང་དུ་གཞུང་གི་ལས་ཁུངས་བཙུགས་པ་བཅས་ལ་ངོ་རྒོལ་བྱ་ཕྱིར་རང་ལུས་ལ་ས་སྣུམ་བླུགས་ནས་མེ་རུ་བསྒྲོན་ཡོད་པ་རེད།
ཨོས་ཀར་བྷི་རུ་སེ་ཨུ་ཨི་ཛེ་ལགས་ནི་ལི་ཐུ་ཨ་ནི་ཨའི་ཡེ་ཤུ་ཆོས་པ་ཞིག་གི་ཁྱིམ་དུ ༡༩༢༩ ལོའི་སྤྱི་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་འཁྲུངས། ཁོང་ཁོང་གི་སྤུན་མཆེད་རྣམ་པ་བཞིན་ཆུང་དུས་ནས་ཁོ་ཚོའི་ཉེ་འཁོར་གྱི་ཡེ་ཤུ་ཆོས་ལུགས་ཀྱི་ཁོར་ཡུག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། ལྷག་པར་དུ་ཨཱོས་ཀར་ལགས་ཁོང་གི་ཕའི་ཆོས་འཕྲིན་གྱི་དད་པ་ལ་སེམས་འགུལ་ཚད་མེད་ཐེབས་ཡོད། ཁོང་ལ་རྨང་གཞིའི་སློབ་སྦྱོང ༡༩༣༥ ནས ༡༩༤༣ བར་དུ་ཐོབ་ཅིང་། དེ་རྗེས་ཁོང་གིས་ཚོང་ལས་སྦྱོང་བརྡར་བྱས། ཡིན་ཡང་ཁོང་ལོ་བཅུ་དྲུག་སྐབས་སུ་དམག་འཁྲུག་ཁྲོད་ཚུད་པས་འཇར་དམག་ལ་ཞུགས་ནས་དམག་འཁྲུག་མཇུག་མ་གྲུབ་བར་དུ་ལི་ཐུ་ཨ་ནི་ཨའི་ཝར་སཱའོ་གྲོང་ཁྱེར་དུ་དམར་དམག་དང་ཤར་པུར་ཤི་ཡ་གཉིས་དང་འཛིང་དགོས་བྱུང་། ༡༩༤༥ ལོའི་སྟོན་ཀར་ཁོང་གཡུལ་ས་དང་ཁ་བྲལ་ཏེ་ཁྱིམ་དུ་ལོག་ནས་ཨཱོས་ན་བྷི་རུག་ཏུ་ལྷམ་བཟོ་བ་བྱས། ལོ་གཉིས་ཀྱི་རྗེས་སུ་འཇར་མན་ནུབ་མར་གཞིས་བཅས་ཏེ་ནང་མི་དང་ལྷན་དུ་བསྡད། ༡༩༤༩ ལོར་ཁོང་གིས་བྱིས་པའི་ལྷམ་བཟོ་བའི་ཚོང་ལས་ཞིག་གཉེར། ༡༩༥༡ ལོར་ཁོང་གིས་བཟའ་འཐོར་བྱས་ཤིང་། ༡༩༥༥ ལོར་འཇར་མན་ཤར་མར་གཞིས་སྤོས་ཏེ་སླར་ཡང་ཆང་ས་བརྒྱབ། ཕྱིས་སུ་ཁོང་ཐུ་རིན་གྷི་ཨའི་(Thuringia)ནང་གི་ཝེ་བྷེན་སི་(WeiBensee)ལ་གཞིས་ཆགས་ཏེ་བསྡད། དེ་དུས་ཁོང་ལ་ལྷ་ཆོས་རིག་པར་སྦྱོང་འདོད་ཆེན་པོ་བྱུང་། ཡིན་ཡང་གཟུགས་ཕུང་མི་བདེ་བའི་རྐྱེན་པས་ལུ་ཐེ་རའི་ཆོས་རིག་སློབ་གཉེར་ཁང་དུ་བདུན་ཕྲག་འགའ་ཕྱིན་རྗེས་སློབ་མཚམས་བཞག་དགོས་བྱུང་།
༡༩༦༣ ལོར་ཁོང་གི་ལྷམ་བཟོའི་ཚོང་ལས་ཆུང་ངུ་དེ་མཉམ་འབྲེལ་བཟོ་གྲྭ་ཞིག་ཏུ་གྱུར་ཅིང་། བཟོ་གྲྭ་དེར་ཁོང་གིས་འགན་འཛིན་གྱི་ལས་ཁུར་བླངས། ལོ་གཅིག་གི་རྗེས་སུ་ཁོང་གིས་ཨེར་ཧྥུར་ལུ་ཐེ་རཱན་(Erfurt Lutheran)ཆོས་རིག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་མགོ་བརྩམས་ཏེ ༡༩༦༩ ལོར་བདེ་བླགས་ངང་སློབ་མཐར་ཕྱིན། ཁོང་གིས་ཛྷ་ཡི་ཙེ་(Zeitz)ས་ཁུལ་གྱི་གྲོང་རྡལ་ཆུང་ངུ་ཌི་རོབ་ཌོར་ཧྥི་རི་པི་ཤ་(DroBdorf-Rippicha)་རུ་ཡེ་ཤུ་ཆོས་དཔོན་གཉིས་པའི་གོ་གནས་བླངས། ༡༩༧༠ ལོའི་ལོ་མཇུག་ཏུ་ཁོང་གྲོང་རྡལ་དེའི་ཆོས་དཔོན་དུ་གྱུར་ཅིང་། ༡༩༧༦ལོའི་སྤྱི་ཟླ་བརྒྱད་པའི་བར་དུ་གོ་གནས་དེ་བཟུང་ནས་བསྡད། བྷི་རུ་སེ་ཨུ་ཨི་ཛེ་ལགས་ཀྱིས་བཙན་དབང་གིས་སྤྱི་ཚོགས་ལྷ་མེད་སྨྲ་བར་བསྒྱུར་བར་ཁ་གཏད་པའི་ལས་འགུལ་མང་དུ་སྤེལ་ཅིང་། གཞོན་སྐྱེས་ཚོ་དང་ལྷན་དུ་བྱེད་ཐབས་དང་ལྟ་ཚུལ་གསར་བ་བཏོན་ཏེ་མཉམ་ལས་བྱས། རྒྱུ་མཚན་དེས་ཤི་ཏ་སི་(Stasi)སྲིད་གཞུང་ཁོང་ཁྲོ་བསླངས། ཁོ་ཚོས ༡༩༥༠ ནང་ནས་བྷི་རུ་སེ་ཨུ་ཨི་ཛེ་ལགས་ལ་རྗེས་འདེད་གཏོང་གིན་ཡོད་ཅིང་། ཁོང་ “དམག་གི་ཆོས་དཔོན་”ལ་བརྩི་བཞིན་ཡོད། རྒྱུ་མཚན་དེས་དམར་པོའི་ཤོག་ཁག་གི་ལྷ་ཁང་དང་འགལ་བའི་བྱ་བར་ཁ་གཏད་གཅོག་མ་ཐུབ་པར་ལུས་པའི་ཡེ་ཤུ་ལྷ་ཁང་གི་ཆོས་པ་ཚོའང་ཁོང་ལ་ཁོང་ཁྲོ་དྲག་པོ་ཟོས། ༡༩༧༥ ལོར་ཁོང་གིས་དམར་ཤོག་ཚོགས་པའི་བསྒྲགས་ཡིག “ཉི་མ་དང་དཀོན་མཆོག་མེད་ན་ང་ཚོར་དཀའ་ལས་བརྒྱབ་པའི་འབྲས་བུ་ཐོབ་ཐུབ”ཅེས་པར་ལན་འདེབས་བྱས་པར་མི་ཚོས་དོ་སྣང་ཆེན་པོ་བྱས། དེའང་ཁོང་གིས་ “ཉི་མ་དང་དཀོན་མཆོག་མེད་ན་འཛམ་གླིང་ཧྲིལ་པོ་ཧ་ལོག་པར་ངེས” ཞེས་པའི་བསྒྲགས་ཡིག་ཅིག་ཤིང་རྟ་འཁོར་ལོའི་སྟེང་དུ་བྲིས་ནས་ཛེ་ཊི་ཛེ་རུ་སོང་བས་མི་ཚོགས་འཚང་ཁ་ཤིག་ཤིག་ཏུ་གྱུར་ཏེ་ལམ་དཀའ་ཙམ་བྱུང་།
སྲིད་གཞུང་གིས་བྷི་རུ་སེ་ཨུ་ཨི་ཛེ་ལགས་ཀྱི་གོང་གི་ཆོས་དཔོན་ཚོ་ལ་དམ་དྲག་བྱེད་པ་ཤུགས་སྣོན་བརྒྱབ་པས། ལྷ་ཁང་གི་ཆོས་དཔོན་ཚོས་ཁོང་ལས་བསྒྱུར་བྱེད་པ་དང་ཁོང་གི་ལས་འགུལ་ལ་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བཤད། སྐབས་དེར་བྷི་རུ་སེ་ཨུ་ཨི་ཛེ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྐྱེན་ཅི་ཞིག་སྤྲོད་མིན་སོགས་སྨན་ཡིག་ལ་ཞིབ་འཇུག་བྱེད་བཞིན་ཡོད། ༡༩༧༦ལོའི་དབྱར་ཁར་ཁོང་གིས་ལས་འགུལ་བཞིན་སྤེལ་ཏེ་ཆོས་དཔོན་རྣམས་དང་ཆོས་བྱེད་མི་སྣ་གཞན་རྣམས་ཀྱིས GDR ལ་ཡོད་པའི་ཆོས་འཕྲིན་སྤེལ་བའི་ལྷ་ཁང་ལ་འཛིན་པའི་ལྟ་ཚུལ་འགྱུར་བ་གཏང་དགོས་པ་ཞིག་བྱ་རྒྱུ་ཐག་བཅད། སྤྱི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་ཁོང་གིས་ནང་མི་དང་ལྷན་དུ་ཞོགས་ཇ་བཏུང་ཞིང་། ཁོང་གི་བུ་མོས་བསྒྲགས་པའི་པི་ཡ་ནོ་རོལ་དབྱངས་དགའ་ཤོས་དེ་ལ་ཉན། དེ་རྗེས་ཁོང་གིས་ཆུང་མ་ལ་གྱེས་མཇལ་ཞུས་ཏེ་ཛེ་ཊ་ཛེ་ལ་སྣུམ་འཁོར་བསྡད་དེ་སོང་བས་ཞོགས་པའི་ཆུ་ཚོད་བཅུ་བ་ཙམ་ལ་དེར་འབྱོར། ཁོང་གིས་ཡེ་ཤུ་ལྷ་ཁང་མདུན་གྱི་རྐང་ལམ་དང་ཐག་ཉེ་ས་དེར་སྣུམ་འཁོར་བཀག་ཅིང་། “ཚང་མ་ལ་རླུང་འཕྲིན་བརྡ་ལན་ཞིག་ཡོད། ཚང་མ་ལ་རླུང་འཕྲིན་བརྡ་ལན་ཞིག་ཡོད། GDR ལ་ཡོད་པའི་ཡེ་ཤུ་ལྷ་ཁང་གིས་དམར་ཤོག་གི་ལྟ་བས་གཞོན་སྐྱེས་དང་བྱིས་པ་རྣམས་སློབ་གྲྭ་རུ་མནར་གཅོད་གཏོང་བཞིན་ཡོད་ཅེས་སྐྱོན་བརྗོད་བྱ་རྒྱུ་ཡིན”ཅེས་འཁོད་པའི་འཕྲེད་དར་ཞིག་སྣུམ་འཁོར་དུ་དཔྱངས། དེ་ནས་ཁོང་གིས་རང་གི་གཟུགས་པོར་ས་སྣུམ་བླུགས་ཏེ་མེ་རུ་བསྒྲོན། ལམ་འགྲུལ་བ་རྣམས་ཀྱིས་ཁོང་གི་གཟུགས་པོའི་མེ་སྐར་མ་འགའི་ནང་དུ་བསད་ཡོད་ནའང་ཁོང་གི་གནས་སྟངས་ཛ་དྲགས་གྱུར་ཡོད། ཉིན་བཞིའི་རྗེས་ཏེ་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་སི་ཊ་སིས་ཁོང་གི་ཆུང་མ་ལ་ཐུག་འཕྲད་བྱ་མ་བཅུག་གོང་དུ་གྲོངས།
ཨོ་སི་ཀར་བྷུ་རུ་ཤེ་ཝི་ཙེ་ལགས་ཀྱི་མི་ཚེའི་ལོ་རྒྱུས་དེ་དབང་ཆ་གཅིག་ཏུ་བསྡུས་པར་དོགས་སློང་བྱས་བྱུང་སྙམ་ནས་ཞེད་བཞིན་པའི་དབང་ཆ་གཅིག་སྡུད་རིང་ལུགས་དང་གདོང་ཐུག་པའི་དཔེ་མཚོན་ཡག་ཤོས་ཤིག་ཏུ་གྱུར། ཨོ་སི་ཀར་བྷུ་རུ་ཤེ་ཝི་ཙེའི་ལོ་རྒྱུས་དེ་རང་གི་བཟང་སྤྱོད་སྲུང་སྐྱོབ་བྱ་དགོས་ཚེ་རང་ཉིད་ཀྱི་ལུས་ཕུང་ལས་བཟང་སྤྱོད་འདེམས་པའི་བྱ་སྤྱོད་ལའང་འཇུག་དགོས་འཁེལ་བ་ར་སྤྲོད་བྱས་ཡོད། འཇར་མན་ཤར་མས་ཆོས་དཔོན་ཁོང་གི་སྦྱོར་བ་ལ་མྱ་ངན་བྱས་པ་དེ་ཛེ་ཁཱོས་ལོ་ཝ་ཀའི་མི་མང་གིས་ཡཱན་པ་ལ་ཁ་ལ་མྱ་ངན་བྱས་པ་འདྲ་ཞིག་མ་རེད་མོད། ཁོང་གི་བློས་བཏང་དེར་གལ་ཆེན་རང་བཞིན་ལྡན་ཡོད། མི་མང་པོ་ཞིག་ལ་ཁོ་ཚོ་མུ་མཐུད་སྲིད་གཞུང་གི་གནོན་ཤུགས་ལ་མགོ་སྒུར་ནས་འདུག་མི་ཐུབ་པའི་ངེས་ཤེས་ཟབ་མོ་རྙེད་དེ། ཡེ་ཤུ་ལྷ་ཁང་གི་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མགོ་བཙུགས། འཇར་མན་གྱི་ལོ་རྒྱུས་སྨྲ་བ་ཨེར་ཧར་ཊི་ནེ་ཨུ་བྷེར་ཊི་(Ehrhart Neubert)གྱིས་ཨོ་སི་ཀར་བྷུ་རུ་ཤེ་ཝི་ཙེ་ལགས་ཀྱི་རང་ལུས་མེར་བསྲེགས་དེ་ནི་ “འཇར་མན་ཤར་མའི་འགོག་རྒོལ་གྱི་ལོ་རྒྱུས་ཁྲོད་དུ་འོས་བབ་ཅན་གྱི་མཛད་སྤྱོད་ཅིག་”ཡིན་ཚུལ་གསལ་བར་བརྗོད་ཡོད།
>>>
KLIER, Freya: Oskar Brüsewitz – Leben und Tod eines mutigen DDR-Pfarrers. Bürgerbüro, Berlin 2004.
KOWALCZUK, Ilko Sascha – SELLO, Tom: „Für ein freies Land mit freien Menschen.“ Opposition und Widerstand in Biographien und Fotos. Robert-Havemann-Gesellschaft, Berlin 2006.
KRAMPITZ, Karsten – TAUTZ, Lothar – ZIEBATH, Dieter (eds.): „Ich werde dann gehen…“. Erinnerungen an Oskar Brüsewitz. Evangelische Verlagsanstalt, Leipzig 2006.
MOTSCHMANN, Klaus: Oskar Brüsewitz. Naumann, Würzburg 1978.
MÜLLER-ENBERGS, Helmut – STOCK, Wolfgang – WIESNER, Marco: Das Fanal. Das Opfer des Pfarrers Brüsewitz aus Rippicha und die evangelische Kirche. Aschendorff, Münster 1999.
NEUBERT, Ehrhart: Geschichte der Opposition in der DDR 1949–1989. Christoph Links Verlag, Berlin 1997.
SCHULZE, Harald (ed.): Das signal von Zeit – Reaktionen der Kirche, des Staates und der Medien auf die Selbstverbrennung von Oskar Brüsewitz 1976. Eine Dokumentation. Leipzig 1993.
VILÍMEK, Tomáš: „Protestuji proti církevní politice NDR!“, In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 128–137.
ZECH, Karl-Adolf: Die Angst vor dem toten Landpfarrer, In: Horch und Guck, roč. 2, č. 19 (1996), s. 1–32.