ནོར་མེན་མོ་རི་སཱན།
ཨི་རི། ༡༩༣༣ ཟླ་བ་ ༡༢ ཚེས་ ༢༩
༡༩༦༥ ཟླ་བ་ ༡༢ ཚེས་ ༢༩
“ངས་ལྟས་ན་ནོར་མེན་མོ་རི་སཱན་(Norman Morrison)གྱིས་མེ་སྦར་ནས་རང་ཉིད་བློས་བཏང་བྱས་པ་དེ། ང་ཚོ་ཤུལ་སྡོད་རྣམས་ལ་འོད་སྣང་ཞིག་སྟེར་ནས། ང་ཚོའི་མིག་ཟུང་ཟུམ་དུ་མི་སྲིད་པར་བཟོ་ཡག་གམ་ཁོང་ཚོ་དྲང་བདེན་མེད་པའི་དམག་འཁྲུག་དེ་ལས་བཟློག་པའི་ཆེད་རེད་ལ། ང་ཚོ་ལ་ལམ་ཁ་མི་འདྲ་བ་ཞིག་སྟོན་པའི་ཆེད་རེད།”
ཨནེ་མོ་རི་སཱན་བེལཤ་
སྤྱི་ལོ་ ༡༩༦༥ ཟླ་བ་ ༡༡ ཚེས་ ༢ ཉིན་ནོར་མེན་མོ་རི་སཱན་(༣༡)གྱིས་པེན་ཊ་གྷོན་ཁང་བརྩེགས་(Pentagon building)ཀྱི་མདུན་དུ། བེ་ཏི་ནམ་དམག་འཁྲུག་ལ་ངོ་རྒོལ་གྱི་ཆེད་གཟུགས་པོར་ས་སྣུམ་བཤོལ་ནས་རང་ལུས་མེར་སྲེག་བཏང་པ་རེད།
དྲུག་ཅུ་རེ་གྲངས་ཀྱི་དུས་དཀྱིལ་ནང་རང་ལུས་མེར་སྲེག་དེ་ཆབ་སྲིད་ཀྱི་ངོ་རྒོལ་གནད་ཆེ་ཞིག་ཆགས་པ་རེད་ལ། དེ་ཡང་བེ་ཏི་ནམ་དམག་འཁྲུག་ནང་ཨ་རི་དམག་མི་འཛུལ་ཞུགས་དང་འབྲེལ་ཡོད་ལ་ངོ་རྒོལ་བྱས་པ་ནས་འགོ་ཚུགས་པ་རེད། གྲངས་འབོར་ཉུང་མིན་ལ་མ་ལྟོས་པར་ཆབ་སྲིད་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཨ་རི་ནང་ལ་རང་སྲེག་དོན་རྐྱེན་ཁ་ཤས་བྱུང་ཡོད་ལ། གསར་འགྱུར་རྒྱུན་ལམ་ཁྱབ་སྤེལ་ཆེ་བའི་རྐྱེན་པས་ཕྱི་རྒྱལ་ལ་ཡང་གཡོ་འགུལ་ཤུགས་ཆེན་ཐེབས་པ་རེད། ཁོང་ཚོའི་ནང་ནས་ཐོག་མ་དེ་ནི་ཨེ་ལཡིས་ཧེརཛ་ཡིན།(ཞི་བའི་འཐབ་རྩོད་པ། རང་ལོ་ ༨༢) མོས་ ༡༩༦༥ ཟླ་བ་ ༣ ཚེས་༡༦ ཉིན་ཌེ་ཊོཡིཊ་(Detroit)ལ་རང་ལུས་མེར་སྲེག་བཏང་ནས། ཉིན་བཅུའི་རྗེས་སུ་གྲོངས་པ་རེད། མོའི་ཁ་ཆེམས་ཡི་གེའི་ནང་དོན་དེ་ནི་ཐད་ཀར་སྔོན་གྱི་ནང་པ་ཚོའི་ཁ་ཆེམས་ལ་གཞི་བཞག་ཡོད།
དེ་ནས་ཟླ་བ་ཁ་ཤས་རྗེས་སུ་ནོར་མེན་མོ་རི་སཱན་ཞེས་པའི་ཨ་རི་ཁུ་བ་ཀར་(American Quaker)ཞིག་གིས། སྤྱི་ལོ་ ༡༩༦༥ ཟླ་བ་ ༡༡ ཚེས་ ༢ ཉིན་པེན་ཊ་གྷོན་ཁང་བརྩེགས་མདུན་དུ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་བཏང་པས། མང་ཚོགས་ཀྱིི་ཡ་ལན་དེ་སྔར་བས་ཤུགས་ཆེར་ཆགས་པ་རེད། མོ་རི་སཱན་གྱིས་ཨོ་ཧི་ཡོ་(Ohio)ལ་ཡོད་པའི་བོའུས་ཊར་མཐོ་སློབ་(College of Wooster)ནང་ ༡༩༥༢ ནས་ ༡༩༥༦ བར་ཆོས་ལུགས་སློབ་སྦྱོང་བྱས་པ་དང་། དེ་ནས་ལོ་གཅིག་རིང་ནུབ་ཕྱོགས་ཆོས་རིག་སློབ་གཉེར་ཁང་(Theological Seminary) དུ་ཞུགས་པ་རེད།(དེང་གི་པིཊས་བྷག་པརེས་བྷཡི་ཊརེན་ཆོས་རིག་སློབ་ཁང་(Pittsburgh Presbyterian Seminary) མ་ཟད་ཁོང་དབྱིན་ཡུལ་ཨི་ཌིན་བྷག་གཙུག་ལག་སློབ་གཉེར་ཁང་དུ་ཟླ་བ་འགའ་ཤས་འགྲིམས་ཤིང་། ཡོ་རོབ་ས་ཕྱོགས་ཁྱོན་དང་དཀྱིལ་ཤར་ཡུལ་དུ་འགྲུལ་བཞུད་བྱས། དེ་ནས་དེ་སྔོན་རང་ཉིད་ ༡༩༥༩ ལོར་སློབ་ཐོན་བྱས་སའི་པིཊས་བྷག་ལ་ཕྱིར་ལོག་སྟེ་སློབ་དཔོན་ལག་ཁྱེར་བླངས་པ་རེད། ལོ་དེ་རང་ལ་ཁུ་བ་ཀར་(Quakers)འཛུལ་ཞུཊ་
བྱས་ནས། ནེའུ་ཡུག་གི་ཉེ་འགྲམ་ཅར་ལོཊ་ཊེ་(Charlotte)གནས་སྤོས་པ་རེད། དེར་ཁོང་གིས་ས་གནས་ཁུ་བེ་ཀར་ཚོཊ་པའི་དྲུང་ཆེན་གྱི་ལས་ཀ་བྱས་པ་རེད། སྤྱི་ལོ་ ༡༩༦༢ ལོར་ཁོང་དང་ཁོང་གི་ནང་མི་རྣམས་བྷལ་ཊི་མོར་(Baltimore)དུ་གནས་སྤོས་ནས། ས་གནས་དེར་མོ་རི་སཱན་གྱིས་ཕྱག་མཆོད་ཚོགས་འདུ་མང་པོ་འཚོགས་པ་རེད།
མོ་རི་སཱན་གྱི་ཆུང་མས་དྲན་ཚོད་ལ། དོན་རྐྱེན་དེའི་ཉིན་མོའི་ཉིན་ཁ་ལག་ཟ་དུས་ཁོང་གཉིས་བེ་ཏི་ནམ་གྱི་དམག་འཁྲུག་ཏུ། གྲོང་གསེབ་ཅིག་ཏུ་འབར་རྫས་བཏོར་ནས་ཕྲུ་གུ་མང་པོ་བསད་ཡོད་པའི་སྐོར་གྱི་བྲིས་རྩོམ་ཐོན་པ་དེའི་སྐོར་གླེང་མོལ་བྱེད་སྡོད་ཡོད། དེ་རྗེས་མོ་ཕྲུ་གུ་རྒན་པ་གཉིས་སློབ་གྲྭ་ནས་བསུ་བར་ཕྱིན་པ་དང་། མོའི་ཁྱོ་ག་ལོ་ན་གཅིག་ཡིན་པའི་བུ་མོ་ཨིམི་ལི་(Emily)མཉམ་དུ་ནང་ལ་བསྡད་པ་རེད། རྗེས་སུ་མོ་ནང་ལ་ལོག་དུས་ཁོང་གཉིས་ཀ་འཕྲིན་གང་ཡང་མེད་པར་ཕྱིན་ཚར་ཡོད་པ་རེད། དེའི་དགོང་དྲོར་གསར་འགོད་པ་ཞིག་གིས་ཁ་པར་བསླེབས་ནས་མོ་ལ་བ་ཤིན་ཊོན་དུ་མོའི་ཁྱོ་གས་ངོ་རྒོལ་བྱས་པའི་སྐོར་ལ་དྲི་བ་དྲིས་པས། མོས་ཁོང་ལ་དེའི་སྐོར་གང་ཡང་ཤེས་རྟོགས་མ་བྱུང་ཞེས་བཤད་ཡོད། ཡུན་ཙམ་ལ་སླར་ཡང་པེན་ཊ་གྷོན་སྨན་ཁང་ནས་སྨན་པ་ཞིག་གིས་ཁ་པར་འབྱོར་ནས། མོ་ལ་མོ་རི་སཱན་གྱི་ལུས་པོ་ཚབས་ཆེན་འཚིགས་ནས་གྲོངས་ཚར་བའི་སྐོར་ལན་སྤྲད་པ་རེད། འོན་ཀྱང་ཁོང་གི་བུ་མོ་ཆུང་ཆུང་དེར་སྐྱོན་ཆག་གང་ཡང་བྱུང་མེད། བཤད་ཚུལ་གཅིག་ལ་བལྟས་ན་མོ་ཡི་སཱན་གྱིས་ཨིམི་ལི་ལམ་ཟུར་བཞག་པ་རེད་ཟེར། བཤད་ཚུལ་གཞན་ཞིག་ལ་ཁོང་གིས་མོ་ལམ་འགྲུལ་བ་ཞིག་ལ་སྤྲད་པ་རེད་ཟེར། ཁོས་རང་གི་ཆུང་མ་ལ་གྱེས་ཕྱག་ཡི་གེ་ཞིག་གི་ནང་ཁོས་རང་ཉིད་མེ་བསྲེག་བྱས་པ་ཡིན་པས་བྱིས་པ་རྣམས་བེ་ཏི་ནམ་གྱི་གྲོང་གསེབ་ཏུ་ཤི་དགོས་ཐུབ་ཀྱི་མ་རེད་ཅེས་བྲིས་ཡོད། མ་ཟད་ཁོང་གིས་ཨབ་བྷར་ཧམ་གྱིས་རང་བློས་གཏོང་བྱས་པའི་སྐོར་ཅུང་ཟད་བྲིས་པ་བརྟེན་ཡང་སྙིང་ཁོང་གིས་རང་གི་ལྷན་དུ་བུ་མོ་མཉམ་དུ་མེར་བསྲེགས་བྱེད་རྒྱུར་ཡིན་མིན་གྱི་གསལ་ཁ་གང་ཡང་མེད།
མོ་རི་སཱན་གྱིས་རོ་བྷ་ཏི་མཱེཁ་མ་མ་རཱ་ཡི་ལསས་ཁུངས་འགྲམ་དུ་རང་གི་ལུས་པོ་མེ་ལ་བསྲེག་པ་རེད། དེ་རྗེས་འགོག་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཁོང་ཉིད་དེ་གར་འཛོམས་ཡོད་ཅིང་ཁོང་ནི་སྐྱི་གཡའ་བའི་དོན་རྐྱེན་འདིའི་མིག་མཐོང་ལག་ཟིན་གྱི་དཔང་པོ་ཆགས་པ་རེད། བྱང་བེ་ཏི་ནམ་གྱིས་ཁོང་གི་ལས་འགུལ་དེ་ནི་ཨ་རི་བ་ལ་དམའ་འབེབ་དང་ཁ་གཏད་གཅོད་བྱེད་དུ་བཀོལ་སྤྱོད་བྱས་ཡོད། ཧན་ནོ་ཡི་(Hanoi)ལ་ཡོད་པའི་སྲང་ལམ་ཞིག་ཁོང་གི་མིང་བཏགས་ཡོད་པ་དང་སྦྲག་འཛིན་ཐོག་ཁོང་གི་འདྲ་པར་ཡང་བཀོད་ཡོད། སྙན་ངག་པ་ཧུའུ་(Huu)ཡིས་དོན་རྐྱེན་འདི་ལ་བསྟོད་ཚིག་གཅིག་བྲིས་པ་རེད། སྤྱི་ལོ་༡༩༩༩ལོར་མོ་རི་སཱན་གྱི་ཆུང་མ་བེ་ཏི་ནམ་ནང་དུ་ལྟ་སྐོར་བསླེབས་པ་དང་། དེ་རྗེས་ཁོ་མོས་རང་གི་ཁྱོ་བོས་ངོ་རྒོལ་དང་ནང་མིའི་སྐོར་གྱི་དྲན་རྟེན་ལོ་རྒྱུས་དེབ་གཉིས་དཔར་སྐྲུན་བྱས།
གཞན་ཡང་ཁེ་ཐོ་ལིག་རཱོ་ཇིར་ཨེ་ལེན་ལེ་པོར་ཌི་(Catholic Roger Allen Laporte)༼རང་ལོ་༢༢༽ཨ་རིའི་ནང་གི་རང་ལུས་མེར་བསྲེགས་ཀྱི་གཡོ་རླབས་དང་པོ་དེ་མཚོན་ཡོད། སྤྱི་ལོ་༡༩༦༥ཟླ་བ་༡༡ཚེས་༩ལ་ལེ་པོར་ཌིས་ནེའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་གི་ཟུར་ཞིག་སྟེ། དཱག་ཧ་མར་སི་ཇོལ་ཌ་(Dag Hammarskjold)དཔེ་མཛོད་ཁང་གི་མདུན་དུ་དཀྱིལ་ཀྲུང་ལ་བཞུགས་ཏེ་མེར་བསྲེགས་བྱས་ཏེ་ཉིན་གཅིག་གི་རྗེས་སུ་གྲོངས་ཡོད་པ་རེད་དོ།།
>>>
BIGGS, Michael: Dying without Killing. Self-Immolations, 1963–2002, In: GAMBETTA, Diego (ed.): Making Sense of Suicide Missions. Oxford University Press, Oxford 2005, s. 173–208, 320–324.
MORRISON WELSH, Anne: Fire of the Heart. Norman Morrison's Legacy In Vietnam And At Home. Pendle Hill Pamphlet, Wallingford 2006.
MORRISON WELSH, Anne – HOLLYDAY, Joyce: Held in the Light. Norman Morrison's Sacrifice for Peace and His Family's Journey of Healing. Orbis Books, New York 2008.