མུ་ས་མ་མུ་ཊི།

༡༩༣༡ ལོའི་སྤྱི་ཟླ་གཉིས་པའི་ཚེས་ཉི་ཤུ། ཡུ་ཛུན་ཌི་ཛ(Uzundza)ཨུ་རུ་སུ་མཉམ་འབྲེལ་(USSR)ཡུ་ཀི་རེན།(Ukraine)

༡༩༧༨ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་བརྒྱད། བྷེ་ཤི་ཊེ་རེག(Besh-Terek)ཌོན་སི་ཀེ(Donske) ཨུ་རུ་སུ་དམར་པོ། (ཡུ་ཀི་རེན།)

“ངས་གང་བྱས་པ་དེ་ལ་ཡ་ལན་མེད་པར་ལུས་མི་སྲིད།”

མུ་ས་མ་མུ་ཊ། ༡༩༧༨ལོའི་ཟླ་དྲུག་པའི་ཚེས་ཉེར་གསུམ།

༡༩༧༨ལོའི་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་མུ་ས་མ་མུ་ཊི་ལགས་ཀྱིས་ཁ་རི་མཱེན་ཊ་ཊར་(Crimean Tatar)བ་རྣམས་ཕྱིར་འབུད་བྱེད་པར་ངོ་རྒོལ་བྱས་ཏེ་ཁོང་རང་ཉིད་ཀྱི་ལུས་ལ་ས་སྣུམ་བླུགས་ནས་མེ་རུ་བསྒྲོན་ཡོད་པ་རེད།

མུ་ས་མ་མུ་ཊ་ལགས་ནི་ཁ་རི་མི་ཨ་(Crimea)རུ་ལུག་རྫི་ཞིག་གི་ཁྱིམ་དུ་སྐྱེས། ༡༩༤༤ ལོར་ཁོང་གི་ནང་མི་གང་བོ་(མུ་ས་ལགས་ལ་སྤུན་ལྔ་དང་སྲིང་མོ་གཉིས་ཡོད)ཡུ་ཛི་བྷེ་ཀི་སི་ཐཱན་(Uzbekistan)དུ་བསྐྲོད་ཅིང་། དེར་ཁོང་ཚོས་ཞིང་ལས་བྱས་ནས་བསྡད། ཡུལ་གྱར་ཏེ་བསྡད་སྐབས་ཁོང་ཚོས་འཚོ་བ་སྐྱོ་བོ་བསྐྱལ་དགོས་བྱུང་། ཁོང་གི་སྤུན་བཞི་ཟས་བཅུད་མ་ལྡང་བའི་རྐྱེན་གྱིས་གྲོངས། མུ་ས་ལགས་ཀྱིས་སྲིན་བལ་དོས་ཁང་ཞིག་ཏུ་ལས་ཀ་བྱས། ༡༩༥༧ ལོར་ཁོང་གིས་འཕྲུལ་འཁོར་ཁ་ལོ་སྦྱོང་བརྡར་བྱ་སའི་སློབ་གྲྭ་ཞིག་ཏུ་སྦྱོང་བརྡར་མཐར་ཕྱིན་པ་བྱས་ཏེ་མཉམ་ལས་ཀྱི་འདྲུད་འཐེན་འཕྲུལ་འཁོར་ཁ་ལོ་བར་གྱུར།

༡༩༦༧ ལོའི་སྤྱི་ཟླ་དགུ་བར་ཁ་རི་མཱེན་ཊ་ཊར་བ་ཚོས་ན་རྫི་དང་མཉམ་འབྲེལ་བྱེད་ཀྱིན་ཡོད་པའི་སྐྱོན་བརྗོད་དེ་མཚམས་ཆད་ཅིང་ཁོ་ཚོ་ཕྱིར་རང་ཡུལ་དུ་ལོག་ཆོག་པར་གྱུར། ཡིན་ཡང་ཁོ་ཚོ་སྲིད་གཞུང་དང་རྙོག་གླེང་མང་པོ་བྱུང་། མུ་ས་མ་མུ་ཊ་ལགས ༡༩༧༥ལོར་ཁ་རི་མི་ཨ་རུ་ལོག་སྟེ་སིམ་ཧྥེ་རོ་པོལ་གྱི་ཉེ་འགྲམ་གྱི་གྲོང་རྡལ་བྷེ་ཤི་ཊེ་རེག་ཏུ་ཁང་པ་ཞིག་ཉོས། ཁོང་ལ་ཁང་པ་ཉོ་ཆོག་པའི་ལག་ཁྱེར་མེད་པས་གཏན་འཁེལ་བའི་སྡོད་གནས་ཤིག་མེད། རྒྱུ་མཚན་དེས་༡༩༧༦ལོའི་སྤྱི་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ཁོང་འཛིན་བཟུང་བྱས་ཤིང་ལོ་དེའི་སྤྱི་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་རྫོང་གི་ཁྲིམས་ཁང་གིས་རྣམ་འགྱུར་ལ་ཚོད་ལྟ་ཙམ་ཡང་མེད་པར་ཁྲིམས་ལ་བརྩི་སྲུང་མ་བྱས་པའི་ཉེས་མིང་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད། ཁོང་གི་ཆུང་མ་ལ་ལོ་གཉིས་ཀྱི་རིང་རྣམ་འགྱུར་ལ་ཚོད་ལྟ་བྱ་རྒྱུའི་ཁྲིམས་ཐག་བཅད། མ་མུ་ཊ་ལགས་པོ་ཊ་ཝ་(Potava)རུ་ཡོད་པའི་ཀ་རེ་མེན་ཆུག་(Krenmenchuk)བཙོན་ཁང་དུ་བཙོན་འཇུག་བྱས། ཡིན་ཡང་ཟླ་འགའི་རྗེས་སུ་ཁོང་རྣམ་འགྱུར་ལ་ཚོད་ལྟ་བྱས་ཏེ་གློད་ཅིང་། ལྷག་མའི་བཙོན་འཇུག་གི་དུས་ཚོད་ཕལ་ཆེ་བ་ངལ་ལས་བྱས་ཏེ་བསྐྱལ། ༡༩༧༧ལོའི་སྤྱི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ཁྲིམས་ཁང་དུ་ཁྲིམས་ཐག་བཅད་པ་གཞིར་བཟུང་སྟེ་ཁོང་བཙོན་གྲོལ་གྱི་དུས་ཚོད་ལས་ཟླ་དགུའི་སྔོན་དུ་གློད་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་ལོག ཡང་བསྐྱར་ཁོང་ལ་སྡོད་གནས་མ་སྤྲད་ཅིང་། ཁ་རི་མི་ཨ་ལས་ཐོན་དགོས་ཚུལ་བཤད། མུ་ས་མ་མུ་ཊ་ལགས་སྲིད་གཞུང་དང་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོ་ལ་ཞུ་བ་བྱེད་པར་ཐེངས་མང་སོང་ཡང་གྲུབ་འབྲས་གང་ཡང་མ་ཐོན། ཁོང་གིས་ཁོང་གི་རྒྱལ་ཁབ་ཀྱི་ཉམས་ཉེས་རྣམས་རང་གི་གྲོགས་པོ་ཚོ་དང་རྒྱུན་དུ་གླེང་བཞིན་ཡོད། ༡༩༧༨ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ཁོང་བཟའ་མི་གཉིས་ཀྱི་སྟེང་དུ་བསྐྱར་དུ་ཁྲིམས་ལ་བརྩི་སྲུང་མ་བྱས་པའི་ཁ་མཆུ་ཞིག་བཙུགས།

༡༩༧༨ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་ཉེན་རྟོག་པ་ཁོང་ཚོའི་ཁང་པར་ཡོང་དུས་མུ་ས་མ་མུ་ཊ་ལགས་ཀྱིས་རང་གི་ལུས་ལ་ས་སྣུམ་བླུགས་ཏེ་ལག་ཏུ་འབར་ཞུན་ཞིག་ཁུར་ནས་ཁང་པའི་ཕྱི་རུ་ཐོན། ཁོང་གི་བྱིས་པ་ཚོ་དང་གྲོགས་པོ་ཚོས་འགོག་ཐབས་བྱས་ཀྱང་བཀག་མ་ཐུབ། མི་རིགས་རིག་པ་མ་གྷ་རེ་ཊ་ཡུ་ཨེ་ལིང་(Greta Uehling)གིས་ལོ་ཉི་ཤུའི་རྗེས་སུ་ཁོང་གི་ཉེ་འབྲེལ་དག་ལ་དྲི་བ་འགའ་དྲིས་པར་ཉེ་འབྲེལ་རྣམས་ཀྱིས་མུ་ས་མ་མུ་ཊ་ལགས་ཀྱིས་ཟླ་བ་འགའི་རིང་རང་ལུས་མེར་བསྲེགས་བྱ་བར་གྲ་སྒྲིག་བྱས་ཡོད་ཅེས་བརྗོད་ཡོད། ཁོ་མོས་འདི་ནི་ཁོང་བཟའ་མི་གཉིས་འཛིན་བཟུང་བྱེད་དུ་འོང་བའི་ཉེན་རྟོག་པ་རྣམས་ལ་ཕར་རྒོལ་ཞིག་ཀྱང་ཡིན་པར་བཤད། ཡིན་ཡང་འདི་དག་དཔང་རྟགས་ཚད་ལྡན་གྱིས་དངོས་ཡོད་ཡིན་པ་བསྒྲུབས་ཐུབ་མེད། ཚོད་དཔག་བྱས་ན་ཡཱན་པ་ལ་ཁའི་དོན་རྐྱེན་དེས་ཁོང་ལ་ཤུགས་རྐྱེན་ཐེབས་ཡོད་སྲིད། རྒྱལ་སྤྱིའི་རྒྱང་བསྒྲགས་རླུང་འཕྲིན་ཁང་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཁ་རི་མེ་ཨ་རུ་ཡཱན་པ་ལ་ཁའི་སྐོར་ཤེས་རྟོགས་བྱུང་ཡོད། ཁོང་གིས་སྨན་ཁང་དུ་གསུངས་པའི་ཞལ་མོལ་དེས་ཚོད་དཔག་འདི་བདེན་པར་བསྒྲུབས་ཡོད།

མུ་ས་མ་མུ་ཊ་ལགས་ཀྱི་གཟུགས་པོའི་བརྒྱ་ཆ་དགུ་བཅུ་ལྷག་འཚིག་ཡོད། ཁོང་སིམ་ཧྥེ་རོ་པོལ་དུ་ཡོད་པའི་སྨན་ཁང་ཞིག་ལ་ཁྱེར་ཡོད་ཅིང་། ཉིན་བཞི་ཙམ་གྱི་རྗེས་ནས་ད་གཟོད་གྲོངས་ཡོད་འདུག ཁོང་རིག་ཚོར་ཟིན་པར་མ་ཟད། སྲིད་གཞུང་གིས་ཁོ་ཚོའི་རྒྱལ་ཁབ་ལས་ཁ་རི་མེ་ཨ་ཊ་ཊར་བ་རྣམས་ཕྱིར་འབུད་བྱེད་པའི་སྲིད་བྱུས་ལ་ངོ་རྒོལ་བྱ་ཆེད་རང་ལུས་མེར་བསྲེགས་གཏང་འདོད་ཡོད་ཚུལ་ཐེངས་མང་གླེང་མྱོང་ཡོད་འདུག ཁོང་གི་ཕུང་པོ་གྲོང་རྡལ་བྷེ་ཤི་ཊེ་རེག་དུ་དུར་སྦས་བྱས་ཡོད། སྲིད་གཞུང་གིས་ཁོང་གིས་མེར་བསྲེགས་བྱེད་དགོས་པའི་རྒྱུ་རྐྱེན་རྣམས་སྦ་གསང་བྱེད་ཐབས་བྱས་ཡོད་ཀྱང་། ཁ་རི་མེ་ཨ་ཊ་ཊར་བ་ཚོའི་ཁྲོད་དུ་ཁོང་གི་དོན་རྐྱེན་དེ་གླེང་སློང་མང་པོ་བྱུང་ཡོད། ཁ་རི་མེ་ཨ་ཊ་ཊར་བ་ཚོའི་རྒྱལ་ཡོངས་ལས་འགུལ་གྱི་འཐུས་ཚབ་དང་གཞུང་རྒོལ་བ་མཱུས་ཊ་ཧྥ་ཌ་ཛེ་མི་ལེ་ཧྥ་(Mustafa Dzhemilev)ལགས་དང་རེ་ཤ་ཊ་མི་ལེ་ཧྥ་(Reshat Dzhemilev)ལགས་གཉིས་ཀྱིས་ཁོང་གི་བློས་གཏོང་དེ་ནི་རྒྱལ་ཁབ་གྱི་ཆེད་དུ་ཡིན་ཚུལ་བརྗོད། ༡༩༧༨ལོའི་སྤྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཁོང་ཚོས་ས་ཨོ་དི་ཨ་རབ་ཀྱི་རྒྱལ་པོ་ཁ་ལིད་(Khalid)ལ་གནས་ཚུལ་དེ་བརྗོད་ཅིང་། ལོ་དེའི་སྤྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་འཛམ་གླིང་མི་མང་ལ་ཁ་རི་མཱེན་ཊ་ཊར་བ་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་ཞུ་འཕྲིན་ཞིག་དང་མཉམ་དུ་ཁོང་གི་སྐོར་བརྗོད་ཡོད། ༡༩༧༨ལོའི་སྤྱི་ཟླ་བདུན་པའི་ཚེས་བཞི་ཉིན་ཨུ་རུ་སུ་གཞུང་རྒོལ་བ་ཨཱན་ཌ་རེ་ཡི་ས་ཁ་རོ་ཧྥ་(Andrej Sakharov)ལགས་ཀྱིས་ལི་ཨོ་ནི་ཌ་བྷ་རེ་ཞི་ཉེ་ཧྥ་(Leonid Brezhnev)ལ་ཡི་གེ་ཞིག་བྲིས་ཏེ་ཁ་རི་མཱེན་ཊ་ཊར་བ་རྣམས་ལ་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་བའི་ཞུ་བསྐུལ་བྱས་ཡོད།

༡༩༨༦ལོར་འདི་སྐོར་གྱི་དེབ་ཅིག་ནིའུ་ཡོག་ཏུ་དཔར་བསྐྲུན་བྱས་ཤིང་། དེབ་དེའི་རྩོམ་པ་པོ་ནི་རེ་ཤ་ཊ་ཌ་ཛེ་མི་ལེ་ཧྥ་(Reshat Dzhemilev)ལགས་ཡིན་པ་རེད།

>>>

DZHEMILEV, Rešat (ed.): Musa Mamut. Human Torch. Collection of Documents. Crimean Foundation, New York 1986.

KAMIŃSKI, Łuskaz: První živá pochodeň ve východním bloku. Ryszard Siwiec (1909–1968), In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 115–127.

kol. autorů: Słownik dysydentów. Czołowe postacie ruchów opozycyjnych w krajach komunisticznych w latach 1956–1989. Tom II. Karta, Warszawa 2007, s. 742–743.

UEHLING, Greta: Squatting, Self-Immolation, and the Repatriation of Crimean Tatars, In: Nationalities Papers, roč. 28, č. 2 (2000), s. 317–341.