text

སློབ་ཕྲུག་གི་ལས་འགུལ།

“ང་ཚོའི་རྒྱབ་ལྗོངས་ཀྱི་བསམ་བློ་དེ་ནི་ཅེག་སི་ལོ་ཝ་ཀ་གི་སྤྱི་ཚོགས་རིང་ལུགས་པའི་སྤྱི་མཐུན་རྒྱལ་ཁབ་འདིར། སྙིང་རྗེ་ལྡན་པའི་སྤྱི་ཚོགས་རིང་ལུགས་སྐྲུན་རྒྱུའི་ལྟ་བ་དེ་ཡིན་པར་ཡོངས་གྲགས་གསལ་བསྒྲགས་ཞུ་རྒྱུ་ཡོད། ང་ཚོས་ཅེག་སི་ལོ་ཝ་ཀ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ལ་ཁྲིམས་མཐུན་དང་ཁྲིམས་མཐུན་མིན་པའི་གནོན་ཤུཊ་སྤྲོད་པ་གཉིས་པོ་འཕྲལ་སེལ་རིང་གཅིག་པུར་ཆ་འཇོག་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་ཁ་ཐོར་གཏང་རྒྱུར་དམིགས་པའི་ཆབ་སྲིད་ཀྱི་དབང་ཤུགས་དེ་རིགས་ལ་ནམ་ཡང་བཟོད་སྒོམ་བྱ་རྒྱུ་མིན། མི་མང་ཚོ་ལ་ཕན་ཚུན་གུས་བརྩིའི་ཐོག་ནས་མཐུན་འབྲེལ་བྱེད་དགོས་པ་ལས་འཇིགས་སྐུལ་གྱིས་ཡོང་མི་ཐུབ། གལ་ཏེ་ང་ཚོས་གཞུང་དང་ཅེག་སི་ལོ་ཝ་ཀི་ཡའི་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་ང་ཚོའི་མངོན་འདོད་འདི་ཚོ་མ་བསྒྲུབ་པ་ཡིན་ན། ང་ཚོས་སླར་ཡང་ངོ་རྒོལ་བྱེད་ངེས་ཡིན།”

སྤྱི་ལོ་ ༡༩༦༨ ཟླ་བ་ ༡༡ པའི་ནང་པ་རཱག་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོ་དང་། གཙུག་ལག་སློབ་གྲྭའི་སློབ་ཕྲུག་སྤྱི་མཐུན་ཚོགས་པའི་ལག་བསྟར་ཚོགས་ཆུང་(Action Committee)གིས། སྐྱིད་སྡུག་དེའི་དགོས་འདུན་བཅུ་ལ་རྒྱབ་སྐྱོར་གྱིས་བཙན་འཛུལ་ངོ་རྒོལ་(occupation strike)ཐག་གཅོད་ཀྱི་བསྒྲགས་གཏམ་ལས་དྲངས།

སྤྱི་ལོ་ ༡༩༦༠ རེ་གྲངས་ཀྱི་དུས་དཀྱིལ་ནས་བཟུང་། ༡༩༤༨ ཟླ་བ་ ༢ པའི་རྗེས་ལ་བཙན་གནོན་ཆེན་པོ་བྱས་པའི་སློབ་ཕྲུག་ཚོའི་མི་ཚེ་དེ་རིམ་གྱིས་གུ་ཡངས་སུ་བཏང་། སློབ་ཕྲུག་ཧུར་པོ་རྣམས་གཙུག་ལག་སློབ་ཁང་གི་གོ་མཛོད་དང་། ཅེག་སི་ལོ་ཝ་ཀ་གཞོན་ནུའི་སྐྱིད་སྡུག་ཚོགས་པའི་ཉེ་འཁོར་ལ་འདུ་འཛོམས་བྱས། སློབ་གྲྭ་འགའ་ཤས་ལ་རང་དབང་ཅན་གྱི་ཚོགས་པ་མང་པོ་གསར་འཛུགས་བྱས་ཡོད། (དཔེར་ན། པ་རཱག་ཆར་ལི་སི་གཙུག་ལག་སློབ་གཉེར་ཁང་གི་སྒྱུ་སྩལ་སྡེ་ཚན་ནང་ཀི་ལི་ཀོ་ཞིབ་(Klikoživ)ཞེས་པའི་མིང་ངོ་མཚར་ཅན་གྱི་སྐྱིད་སྡུག་ཞིག་བཙུགས་ཡོད་ལ། མིང་དེ་ནི་བསྡུས་མིང་ཡིན་ཞིང་དབྱིན་ཇིའི་ནང་དོན་བསྒྱུར་བྱས་ན་ “ཁ་གཏད་ཚོའི་ཏར་འཕྲིན།” སློབ་ཕྲུག་ཚོའི་ཟླ་བ་ལྔ་པའི་ནང་རུ་སྒྲིག་ཁྲོམ་སྐོར་བྱས་དུས། སྲང་ལམ་ཁྲོད་དུ་ཡོད་པའི་མང་ཚོགས་བརྒྱ་ཕྲག སྟོང་ཕྲག་མང་པོས་བལྟས་ཡོད་པ་དེ་གུ་ཡངས་དེའི་རྣམ་པ་མཚོན་དོན་རྣམས་ཀྱི་ནང་ནས་གཅིག་ཙམ་རེད། གང་ལྟར་ཡང་། སྤྱི་ལོ་ ༡༩༦༦ ལོ་ནས་མགོ་ཁྲིད་དེ་ཚོས་སླར་ཡང་དྲག་པོའི་ཐབས་ཇུས་ཤིག་ལག་བསྟར་བྱ་འགོ་བརྩམས། དེ་ནི་པ་རཱག་ཅེག་བཟོ་རིག་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གི་ཚོགས་གཙོ་ཡི་རི་མུའུ་ལེར(Jiří Müller)ཞེས་པ་དེ་ཕྱིར་འབུད་བཏང་ནས། རྗེས་སུ་དམག་མིའི་ཞབས་ཞུར་བཏང་བ་དེས་མཚོན་ཡོད། ཟླ་བ་དྲུག་གི་རྗེས་སུ་ལུ་བྷོ་ཤི་ཧོ་ལ་ཅེག་(Luboš Holeček )གིས་ཀྱང་དེ་བཞིན་བྱས་ཡོད། སི་ཏི་ར་ཧོབ་(Strahov)ནང་ལ་འགྱུར་བ་མང་པོ་བྱུང་ཡོད། སུ་ཀྲའ་ཧོ་སློབ་ཕྲུག་སྡོད་ཁང་ལ་དོ་དམ་མང་པོ་བྱས་རྗེས། སྤྱི་ལོ་ ༡༩༦༧ ཟླ་བ་ ༡༠ ཚེས་ ༣༡ ཉིན་སློབ་གཉེར་བ་ཚོས་སྲང་ལམ་དུ་གྱེན་ལངས་བྱེད་དུ་ཐོན་མོད་ཀྱང་། གང་ལྟར་མི་མང་བདེ་སྲུང་བ་ཚོས་ཁོང་ཚོ་ལ་སྡུག་རྩུབ་དྲག་པོས་མགོ་གནོན་བྱས་ཡོད། བར་ཆད་ཆེན་པོ་དེས་ཤོག་ཁག་དེའི་མགོ་ཁྲིད་ཚོའི་ཁྲོད་ལ་ཡང་འགལ་ཟླ་བཟོས་ནས། ཨན་ཊོ་ནིན་ནོ་བོཊ་ནི་(Antonín Novotný)ཟེར་བ་དེ་གོ་གནས་ནས་ཕུད་རྒྱུའི་གླེང་མོལ་བྱུང་བ་རེད། དེས་སློབ་ཕྲུག་རྣམས་ཅེག་སི་ལོ་ཝ་ཀ་གཞོན་ནུ་ཚོགས་པ་རྦད་དེ་མཚམས་གཞག་རྒྱུའི་སྐུལ་མ་བཏང་།

>>>

༡༩༦༨ ལོའི་དཔྱིད་རྒོལ་སུ་གཙུག་ལག་སློབ་ཁང་དེར་མཐོ་རིམ་སློབ་ཕྲུག་ལྷན་ཚོགས་ཁག་ཅིག་དང་། རང་དབང་ཅན་གྱི་ཚོགས་པ་འགའ་ཤས་བཙུགས་པ་རེད། སྐབས་དེ་དུས་བྷོ་ཧེ་མི་ཡ་(Bohemia)གཙུག་ལག་སློབ་མའི་ལྷན་ཚོགས་དང་། མོ་ར་ཝི་ཡ་(Moravia)གཉིས་མཉམ་འབྲེལ་ཚོགས་པའི་ཐོག་ནས་ཞབས་ཞུའི་ཆེད་དུ་བཙུགས། སློབ་ཕྲུག་དེ་ཚོས་ད་དུང་རྒྱལ་ཁབ་ཀྱི་ཆུ་ཚད་ལྡན་པའི་ལས་དོན་གལ་ཆེན་ཞིག་བསྒྲུབ་ཡོད། ༡༩༦༨ ཟླ་བ་ ༣ དང་༤ ནང་ཁོང་ཚོས་མི་མང་འདུ་འཛོམས་ཤིག་བསྐང་ཡོད། (དེའི་ནང་དུ་ཁོང་ཚོས་བཅོས་བསྒྱུར་གྱི་འཐུས་མི་རྣམས་འཁྲིད་ཡོད་པ་དང་དམར་ཤོག་ཚོགས་པ་ལ་གདོང་ཐུག་གིས་དམའ་འབེབ་བྱས་ཡོད། ཁ་གཏད་ཚོགས་པ་ཞིག་བཙུག་དགོས་ཚུལ་བརྗོད་ཡོད། ལྷག་པར་དུ་འདུ་འཛོམས་དེ་དག་རླུང་འཕྲིན་ལས་རྒྱང་སྲིང་བྱས་ནས་མང་ཚོགས་ཚོར་སློབ་ཕྲུག་རྣམས་ཀྱི་བསམ་ཚུལ་གང་ཡིན་ཏག་ཏག་ཤེས་ཐོས་བྱུང་ཡོད། སློབ་ཕྲུག་ཚོས་ཅེས་ཏི་མིར་ཙི་སར་ (Čestmír Císař)གི་སྲིད་འཛིན་འོས་ལངས་ཀྱི་ལྟ་བ་ལ་རྒྱབ་སྐྱོར་རམ། སློབ་ཕྲུག་ཚོས་ཨི་སེ་ར་ཡེལ་(Israel)དང་མཉམ་ཕྱི་འབྲེལ་སྐྱར་གསོ་དགོས་པའི་འབོད་སྒྲ་ཡིས་བཟང་ཕྱོགས་ཀྱི་ཡ་ལན་ཞིག་བྱིན་ཡོད།

>>>

སྤྱི་ལོ་ ༡༩༦༨ དཔྱིད་ཀའི་ཟླ་བ་ ༨ པའི་ནང་བཙན་འཛུལ་བྱས་རྗེས། སློབ་ཕྲུག་རྣམས་ནི་ “ལྷིང་འཇགས”(Normalization)འཆར་གཞི་ཞེས་པ་དེར་ངོ་རྒོལ་བྱེད་མཁན་ནང་གི་ཤོག་ཁག་ཧུར་ཤོས་ཤིག་ཡིན། ༡༩༦༨ ཟླ་བ་༡༡ ཚེས་༡༨ ནས་ ༢༡ བར་ཁོང་ཚོས་སློབ་ཕྲུག་ཚོའི་དམར་ཤོག་ཚོགས་པ་ལ་དམིགས་པའི་དགོས་འདུན་བཅུ་པོ་དེར་རྒྱབ་སྐྱོར་ཆེད། ཅེག་སུལོ་བཀིཡ་ཁྱོན་གྱི་རིག་སྡེ་ཁག་ཏུ་བཙན་འཛུལ་ངོ་རྒོལ་བྱས། གང་ལྟར་ཀྱང་དགོས་འདུན་གཅིག་ཀྱང་མ་འགྲུབ་པས། ༡༩༦༨ ལོ་མཇུག་ཏུ་སློབ་ཕྲུག་ཚོ་ཡིད་ཐང་ཆད་དགོས་པར་གྱུར།

>>>