text
Antonín Novotný delivering his 1967 New Year’s Address (Source: Czech News Agency, Photographed by Jiří Rubič)
Front Cover of the Communist Party Action Programme (Security Services Archives)
Participants in the constituting meeting of the Association of Former Political Prisoners K-231 at Žofín on 31 March 1968 (National Museum)
Leaders of the Communist Party at the front of the 1 May parade in 1968. First row from the right: B. Kučera, J. Piller, F. Kriegel, A. Dubček, L. Svoboda, G. Husák (Source: Czech News Agency)
The Club of Committed Non-Party Members also took part in the May Day parade in 1968. Its Chairman, Ludvík Rybáček, is the second man from the left, and Rudolf Battěk is the third man from the left. (1 May 1968, source: Institute for Contemporary History)
The 2000 Words Manifesto was written by the writer Ludvík Vaculík (Source: National Museum)
Occupation tanks in Prague on 21 August 1968 (Source: National Museum)
Flags stained with the blood of those killed, Prague, 21 August 1968 (Source: National Museum)
The National Museum was also under gun fire. People standing in front of it were protecting themselves against the gun fire near the place where Jan Palach committed his act half a year later. (Source: National Museum)
Anti-occupation posters in Brno (Source: National Museum, Photographed by Dušan Blaha)
August notices in Vsetín (Source: National Museum)

པ་རཱག་གི་དཔྱིད་རྒོལ།

“ད་ལན་དཔྱིད་ཀར་དམག་འཁྲུག་དེ་མཇུག་གྲུབ་ཟིན་པས། ང་ཚོར་སླར་ཡང་གོ་སྐབས་བཟང་པོ་ཞིག་སྩལ་བྱུང་། ད་ཐེངས་སླར་ཡང་ང་ཚོ་ལ་སྤྱི་པའི་རྩ་དོན་དེའི་ཆེད་དུ་རང་རང་གི་ལག་པ་བསྲིང་རྒྱུའི་གོ་སྐབས་ཐོབ་པ་རེད་ལ། ལས་དོན་དེ་ཉིད་དོན་དུ་གཉེར་བ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཞེས་བརྗོད་བཞིན། ང་ཚོའི་འདས་པའི་མཚན་སྙན་དང་རང་ཉིད་ལ་ཡོད་པའི་བསམ་འཆར་ལེགས་པོ་རྣམས་ཀྱིས་དེ་ཉིད་རྣམ་པ་བཟང་པོ་ཞིག་བསྐྲུན་བཞིན་ཡོད། དཔྱིད་ཀ་རྫོགས་ཟིན་པས་བསྐྱར་དུ་ཕྱིར་གཏན་ནས་ལོག་མི་སྲིད། དགུན་ཁ་སླེབས་དུས་ང་ཚོས་གཞི་ནས་རྟོགས་ངེས། ངལ་རྩོལ་བ་དང། ཞིང་པ། ལས་སྣེ་བ། སྒྱུར་རྩལ་པ། མཁས་དབང་། ཚན་རིག་པ། འཕྲུལ་ལས་པ། གཞན་ཡང་རྣམ་པ་ཚང་མར་ཞུ་རྒྱུར། ང་ཚོའི་བསྒྲགས་གཏམ་མཇུག་སྒྲིལ་བ་ཡིན། འདི་ནི་ཚན་རིག་པ་དང་མཁས་དབང་རྣམས་པའི་རེ་བ་བཏོན་པ་ལྟར་བྲིས་པ་ལགས་སོ།།”

༩༦༨ ཟླ་བ་༦ ཚེས་ ༢༧ ཉིན་ཡིག་འབྲུ་ཉིས་སྟོང་ཅན་གྱི་བསྒྲགས་གཏམ་གྱི་དུམ་ཚན་མཐའ་མ་ལས་བཏོན་པའོ།

སྤྱི་ལོ་༡༩༦༠ རེ་གྲངས་ཀྱི་འགོ་སྟོད་ནས་ཅེག་སི་ལོ་ཝ་ཀི་ཡ་(Czechoslovakia)ནང་ཆབ་སྲིད་ཀྱི་གནས་སྟངས་དེ་རིམ་བཞིན་གུ་ཡངས་སུ་སོང་། སྤྱི་ལོ་༡༩༦༠ ལོ་དང་། ༡༩༦༢། ༡༩༦༥ བཅས་ཀྱི་ལྔ་པའི་ཉེས་ཅན་གུ་ཡངས་སྐབས་སུ་ཆབ་སྲིད་བཙོན་པ་ཕལ་ཆེ་བ་ཀློད་གྲོལ་བཏང་ཡོད་ལ། ད་དུང་གལ་གནད་ཆེ་བའི་རིག་གཞུང་སླར་གསོ་བྱུང་ཞིང་། དེའི་ངོ་མཚར་ཆེ་ཤོས་ཀྱི་རྟགས་མཚན་གྱི་དཔེར་མཚོན་དེ་ནི་ཅེག་སི་ལོ་ཝ་ཀི་ཡའི་རླབས་གསར་(Czechoslovak NewWave)ཞེས་པའི་འཛམ་གླིང་ནང་གྲགས་ཅན་གློག་བརྙན་དེ་ཡིན། ཤེས་རིག་བསྟི་གནས་ཁང་རྣམས་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་རྙོག་སེལ་ཕྱིར་ལེགས་བཅོས་འཆར་འགོད་བྱས་ཡོད།

>>>

མང་ཚོགས་ཆབ་སྲིད་ཁྲིམས་སའི་ཞིབ་དཔྱོད་ཀྱི་དུས་སྐབས་དེར་ཨེན་ཊོ་ཡིཎ་ནོ་བོཊ་ནི་(Antonin Novotny)རྩེ་མོར་སོན་ཡོད་ཅིང་། ཁོང་དམར་ཕྱོགས་ཚོཊ་པའི་དབུས་ལྷན་ཁང་གི་དྲུང་ཆེ་ཐོག་མ་དང་ཚོགས་གཙོ་གཅིག་ལྕོགས་ཡིན།དུས་སྐབས་དེ་ཡི་ཆབ་སྲིད་གནས་སྟངས་ནི་གུ་ཡངས་དང་དམ་དྲག་གཉིས་རེས་མོས་བྱེད་ནས་བསྡད་ཡོད།

དེ་རྗེས་རིམ་པས་ཁོང་གི་ཁ་གཏད་ལ་ནང་ཁུལ་འགའ་ཟླའི་ཤོག་ཁག་ཅིག་བྱུང་ནས། སྤྱི་ལོ་ ༡༩༦༨ ཟླ་བ་༡ ནང་ཁོང་ལ་ཚོགས་པ་དེའི་འགོ་ཁྲིད་ལས་ཕྱིར་འཐེན་བྱེད་དགོས་པའི་བཙན་བཀའ་ཕབ། ནོ་བོཊ་ནི་(Novotný)ཕམ་ཉེས་ཤོར་དོན་ནི། དཔལ་འབྱོར་གྱི་དཀའ་རྙོག་སི་ལོ་ཝ་ཀི་ཡི་(Slovak issue)གནས་དོན་ནམ། གཙུག་ལག་སློབ་ཁང་གི་སློབ་གཉེར་བ་ལྟ་བུའི་ཚོགས་སྡེ་ཁག་ཅིག་དང་འགལ་ཟླ་བྱུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་རེད། དེ་རྗེས་ཨེ་ལེཀ་ཛེན་ཌར་དུབ་ཅེཀ་(Alexander Dubček)དམར་ཤོག་ཚོཊ་པ་དེའི་དབུ་ཁྲིད་ལ་བདམས་པ་རེད།

ཁོང་གིས་དུས་ཡུན་ཟླ་བ་བརྒྱད་རིང་ལ། མང་གཙོར་བཅོས་སྒྱུར་གྱི་ནུས་ཤུགས་བཏོན་ནས་ ༡༩༦༨ ཟླ་བ་༣ ཟླ་མཇུག་ཏུ་བཙན་གནོན་ཞིབ་བཤེར་མེད་པར་བཟོས་པས། གསར་འགོད་པ་ཚོས་དེ་སྔོན་བཀག་རྒྱ་ཡོད་པའི་གནད་དོན་རྣམས་ཀྱི་ཐོག་ལ་སྦ་གསང་མེད་པར་གླེང་སློང་བྱས། དེ་ཡང་ཨེན་ཏོ་ནི་ནོ་ཝོཏ་ནི་(Antonín Novotný)ལ་བཙན་ཤོད་ཀྱིས་ཚོགས་གཙོའི་གོ་གནས་ནས་ཕྱིར་འཐེན་བྱེད་བཅུག་ནས། ལུ་བིཀ་སུ་བོ་བྷོ་ཌ་(Ludvik Svoboda)ཞེས་པའི་བཅོས་བསྒྱུར་རྒྱབ་སྐྱོར་བ་དེ་ཁོང་གི་ཚབ་ཏུ་བསྐོས་པའི་རྒྱུ་མཚན་གཅིག་ཡིན། གཞུང་གི་གོ་གནས་གཞན་དག་ཀྱང་རིམ་པས་བཅོས་སྒྱུར་རྒྱབ་སྐྱོར་བའི་ཆབ་སྲིད་པ་ཚོས་དབང་བསྒྱུར་བ་རེད།

>>>
>>>