text
The Moscow Protocol in which the Czechoslovak leaders virtually agreed to be subdued to Moscow, the first and the last page of the document (Source: Institute for the Contemporary History of the Academy of Sciences of the Czech Republic)
The Moscow Protocol in which the Czechoslovak leaders virtually agreed to be subdued to Moscow, the first and the last page of the document (Source: Institute for the Contemporary History of the Academy of Sciences of the Czech Republic)
The Moscow Protocol in which the Czechoslovak leaders virtually agreed to be subdued to Moscow, the first and the last page of the document (Source: Institute for the Contemporary History of the Academy of Sciences of the Czech Republic)
The front page of the Práce daily of 19 October 1968 informing about the ratification of the Treaty on the Temporary Stay of the USSR Army (Source: National Museum)
Seventy-seven people were detained at the demonstration in Prague on 28 October 1968. At the following demonstration, which was held on 6 and 7 November 1968 in the capital, as many as 167 people were detained. It was at this time that the first demonstrations took place in Brno and České Budějovice as well. (Source: National Museum)
On 8 November 1968, the publication of Reportér weekly, which was “too critical of the situation” was stopped for a period of one month. Front cover of the 18 September 1968 issue: clockwise from the top-left corner: Oldřich Černík, Alexander Dubček, Josef Smrkovský and Gustáv Husák; President Ludvík Svoboda is in the middle (Source: National Museum)
Politika weekly was stopped on the same day as Reportér. Front cover of the 3 October 1968 issue: Gustáv Husák (on the left) and Alexander Dubček.  (Source: National Museum)
Reaction of the humorist magazine Dikobraz to the measures adopted on 8 November 1968. (Source: National Museum)

རེ་བའི་མཐའ་མཇུག

“ཨུ་རུ་སུའི་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་མཉམ་འབྲེལ་གཞུང་གིས། བྷལ་གྷ་རི་ཡ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། ཧཎ་གྷ་རི་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཇར་མན་མི་དམངས་སྤྱི་མཐུན་རྒྱལ་ཁབ། པཱོ་ལེན་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་ངོས་ལེན་ཡོད་མདོག་དང་། ཅེག་སི་ལོ་ཝ་ཀ་སྤྱི་ཚོགས་རིང་ལུགས་པའི་སྤྱི་མཐུན་གཞུང་གིས་སྤྱི་ཚོགས་རིང་ལུགས་པའི་མི་མང་ཚོའི་ལུང་པ་རྣམས་སྲུང་སྐྱོབ་ཀྱིས། འཐབ་འཛིང་གི་ཉེན་ཁ་ཤུགས་ཇེ་ཆེར་འགྲོ་བཞིན་པའི་ནུབ་ཇར་མན་གྱི་དམག་དཔུང་སྟོབས་ཤུགས་འགོག་ཆེད། འཕྲལ་སེལ་རིང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚོ་གཅིག་ཅེག་སི་ཝ་ཀི་ཡའི་ནང་སྡོད་ཆོག་རྒྱུའི་མོས་མཐུན་བྱས་པ་རེད།”

སྤྱི་ལོ་ ༡༩༦༨ ཟླ་བ་ ༡༠ ཚེས་ ༡༦ ཉིན་ཅེག་སི་ལོ་ཝ་ཀི་ཡ་དང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གཉིས་བར་བཞག་པའི་ཨུ་རུ་སུའི་དམག་མི་འཕྲལ་སེལ་སྡོད་ཆོག་པའི་སྐོར་གྱི་ཆིངས་ཡིག

སྤྱི་ལོ་ ༡༩༦༨ ཟླ་བ་ ༨ ཚེས་ ༢༦ ཉིན་མཱོ་སི་ཀོ་དུ་ཡོད་པའི་ཅེག་སི་ལོ་ཝ་ཀི་ཡའི་སྐུ་ཚབ་ཀྱིས་“མཱོ་སི་ཀོ་གྲོས་མཐུན་”( Moscow Protocol) ཟེར་བ་དེར་མཚན་རྟགས་བཀོད། དེ་ནི་གསང་བའི་ཡིག་ཆ་ཞིག་ཡིན་ཞིང་། སྐུ་ཚབ་དེ་ཡིས་བི་སོ་ཅ་ནི་(Vysočany)ལ་འཚོགས་པའི་གཟི་བརྗིད་ལྡན་པའི་ཚོགས་འདུའི་ཐག་གཅད་དེ་རྩིས་མེད་གཏང་རྒྱུའི་བསྒྲགས་གཏམ་སོགས་ལ་ངོས་ལེན་བྱས་པ་དང་། ད་དུང་སྐུ་ཚབ་དེས་གསར་ལམ་འཛིན་སྐྱོང་ལ་དག་ཐེར་བྱ་རྒྱུའི་ཁས་ལེན་ཡང་བྱས་པས། ཡང་བསྐྱར་དམ་དྲག་ཞིབ་དཔྱོད་ཆེར་སོང་ནས་བཙན་འཛུལ་སྐོར་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇཊ་ལྷན་ཁང་དུ་གྲོས་མོལ་བྱ་རྒྱུར་བཀག་སྡོམ་བྱས་པ་རེད།དེ་རྗེས་ཆབ་སྲིད་པ་ཚོ་ཅེག་སི་ལོ་ཝ་ཀི་ཡ་ལ་ཕྱིར་ལོག་དུས། མང་ཚོགས་རྣམས་ཀྱིས་ཁོང་ཚོར་ཡིད་ཆེས་མེད་པའི་གནས་སྟངས་བྱུང་ཡོད། དེའི་རྒྱུ་མཚན་ནི་ཁོང་ཚོས་གྲོས་མོལ་གྱི་མཇུག་འབྲས་རྣམས་མང་ཚོགས་ལ་གསལ་བཤད་བྱེད་འདོད་མེད་པས་ཡིན།

མཐར་ཨ་ལེག་ཛྷེན་ཌར་དྷུབ་ཅེག་གིས་སེམས་ཚོར་ཆེན་པོའི་གཏམ་བཤད་ཅིག་བྱས་ནས། ཁོས་མི་སེར་ཚོར་བཅོས་བསྒྱུར་དེ་མགྱོགས་ཚད་དལ་མིན་ལ་མ་ལྟོས་པར་མུ་མཐུད་འགྲོ་རྒྱུ་ཡིན་པའི་ནན་བཤད་བྱས་ནས། མང་ཚོགས་ཀྱི་ཟུར་ཆ་གཅིག་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད། གང་ལྟར་ཀྱང་དེ་རྗེས་ཀྱི་བདུན་ཕྲག་རྣམས་སུ་དོན་དངོས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཁ་ཕྱོགས་གཞན་ཞིག་ཏུ་སྐྱོད་ཡོད་པ་ཤེས་གསལ་རེད།

མཱོ་སི་ཀོ་གྲོས་མཐུན་(Moscow Protocol)ལ་མཚན་རྟགས་མ་བཀོད་མཁན་ནི་ཧྥ་རན་ཀྱི་ཤེག་ཀི་རི་གྷེལ་(František Kriegl)གཅིག་པུ་ཡིན་ལ། ཁོང་སྤྱི་ལོ་ ༡༩༦༨ ཟླ་བ་ ༩ ཚེས་༦ ཉིན་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་གཙོའི་ལས་གནས་ནས་ཕྱིར་འབུད་བཏང་ཡོད། ཅེག་བརྙན་འཕྲིན་ཁང་(Czech TV)གི་སློབ་སྟོན་པ་ཡི་རི་པེ་ལི་ཀཱན་(Jiri Pelikan)དང་། ཅེག་རླུང་འཕྲིན་ཁང་(Czech Radio)གི་སློབ་སྟོན་པ་ཛྷེ་དྷེ་ཉེག་ཧེའི་ཛྷི་ལར་(Zdenek Hejzlar)གཉིས་ཀྱང་ཡུད་ཙམ་ལས་གནས་ནས་ཕྱིར་འབུད་བཏང་བ་རེད།

>>>

སྤྱི་ལོ་ ༡༩༦༨ ལོའི་སྟོན་ཁར་ “ལག་བསྟར་ལས་འཆར་”’འབྲི་མཁན་ནང་གི་གཙོ་བོ་གཅིག་ཡིན་པའི་ཛྷེ་དྷེ་ཉེག་མི་ལི་ནཱར(Zdeněk Mlynář)ལགས་ཀྱིས་ཅེག་སི་ལོ་ཝ་ཀི་ཡའི་དམར་ཤོག་ཚོགས་པའི་དབུས་ལྷན་ཁང་གི་དྲུང་ཆེ་གོ་གནས་ནས་རྩ་དགོངས་ཞུས།

སྤྱི་ལོ་༡༩༦༨ ཟླ་བ་ ༡༠ ཚེས་ ༡༨ ཉིན་རྒྱལ་ཡོངས་ཚོགས་ཆེན་གྱིས་སོ་ཝེ་ཏའི་དྲག་ཆས་དམག་མི་རྣམས་འཕྲལ་སེལ་སྡོད་ཆོག་རྒྱུའི་ཆིངས་ཡིག་ལ་ངོས་ལེན་ཞུས་པས་སོ་ཝེ་ཏའི་དམག་མི་ ༧༥༠༠༠ ཁྲིམས་མཐུན་ཐོག་ཅེག་སི་ལོ་ཝ་ཀི་ཡར་སྡོད་ཆོག་པར་གྱུར། གྲོས་ཚོགས་འཐུས་མི་(MPs)བཞི་གཅིག་པུས་ཆིངས་ཡིག་དེར་ངོ་རྒོལ་གྱིས་འོས་བླུགས་ཡོད་པ་དང་། འཐུས་མི་བཅུ་ཡིས་འོས་བླུག་མེད་ལ། གཞན་ཁག་ཅིག་ནི་གྲོས་ཚོགས་ཚོགས་ཆེན་དེར་ཞུགས་མེད།

སྤྱི་ལོ་ ༡༩༦༨ ཟླ་བ་ ༡༡ ཚེས་ ༨ ཉིན་ཅེག་སི་ལོ་ཝ་ཀི་གཞུང་གིས་ད་དུང་དེ་དུས་གནས་སྟངས་ལ་གལ་གནད་ཆེ་བའི་གསར་འགོད་པ་(Reportér)དང་ཆབ་སྲིད་(Politika)ཅེས་པའི་དུས་དེབ་གཉིས་པོ་འཕྲལ་སེལ་བཀག་སྡོམ་བྱེད་བཅུག་ཡོད། སྤྱི་ལོ་ ༡༩༦༨ ཟླ་བ་ ༡༡ ཚེས་༡༤ ནས་ ༡༧ བར་འཚོགས་པའི་དམར་ཤོག་ཚོགས་པའི་དབུས་ལྷན་ཁང་གི་ཚོགས་འདུ་དེར། ཤོག་ཁག་དེའི་གཞོགས་འདེགས་རྙིང་ཞེན་ཅན་ཚོས་གོ་གནས་རག་པའི་ཐབས་ཡོངས་རྫོགས་བྱས། ཁོང་ཚོས་གོ་གནས་གལ་ཆེན་ཁག་ཅིག་འཛིན་ཐབས་བྱས་པ་ཙམ་མིན་པར། ད་དུང་ཁོང་ཚོས་ཕུགས་རྒྱང་རིང་པོའི་ “ལྷིང་འཇགས་”(normalization)འཆར་གཞི་ཞེས་པའི་གྲོས་ཆོད་ཅིག་དེབ་སྐྱེལ་བྱས་ཡོད།

དམིགས་བསལ་ཞིག་ལ་སི་ལོ་ཝ་ཀ་(Slovak)གི་ཆབ་སྲིད་པ་གྷུ་སི་ཏབ་ཧུ་སག་(Gustáv Husák)ལ་ཤོག་ཁག་དེ་ཡི་ནང་གོ་གནས་ཆེན་པོ་ཐོབ་ཡོད་པ་རེད། སྤྱི་ལོ་༡༩༦༨ ཟླ་བ་ ༡༢ནང་ཁོས་སྤྱི་མཐུན་གྱི་རྩ་འཛིན་ལ་བསྟུན་ཆེད་རྒྱལ་ཡོངས་གྲོས་ཚོགས་ཀྱི་མགྲིན་ཚབ་པའི་འོས་མིར་བདམས་ནས་རིང་པོ་མ་ལོན་པའི་ཡོ་སེབ་སི་མར་ཀོབ་སི་ཀི་(Josef Smrkovský) (དེ་དུས་རྒྱལ་ཡོངས་གྲོས་ཚོགས་ཀྱི་མགྲིན་ཚབ་པ)ལགས་ཀྱི་ཚབ་ཏུ་སི་ལོ་ཝ་ཀ་ཡི་འཐུས་མི་ཞིག་འཇོག་དགོས་པའི་གྲོས་འཆར་བཏོན། དེ་དུས་མང་ཚོགས་ཚོས་ཇཱོ་སེཕ་སུམ་ཀོ་སཀཡི་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། པེ་ར་གྷུ་དཔྱིད་ཀའི་སྙན་གྲགས་ཆེ་ཤོས་ཀྱི་རྣམ་པ་གཅིག་ནི་ཁོས་མང་ཚོགས་ཀྱི་རྒྱབ་སྐྱོར་དེ་ལ་ཁ་ཡ་མ་བྱས་པར་པེ་ཏེར་ཅོ་ལོད་ཀ་(Peter Colotka)ཟེར་བའི་མི་དེ་ཁོ་རང་གི་ཚབ་ཏུ་བདམས་པ་རེད། དེར་བརྟེན་རྙིང་ཞེན་གཞོགས་འདེགས་པར་ཡང་བསྐྱར་རྒྱལ་ཁ་ཐོབ་ཡོད་ཅིང་། དེ་ཉིད་༡༩༦༩ ཟླ་བ་ ༤ པའི་ནང་གྷུ་སི་ཏབ་ཧུ་སག་(Gustáv Husák)དམར་ཤོག་ཚོགས་པའི་དབུས་ལྷན་ཁང་གི་དྲུང་ཆེ་དང་པོར་འདེམས་སྐབས་བཀག་སྡོམ་བྱས། སྤྱི་ལོ་ ༡༩༦༩ ཟླ་བ་༨ པའི་ནང་བྱུང་བའི་ཟིང་འཁྲུག་ལ་དྲག་གནོན་བྱས་པ་དེ་ནི་པ་རཱག་དཔྱིད་ཀའི་མཐའ་མཇུག་གི་སོག་མ་དེ་ཡིན། བདེ་སྲུང་དམག་མི་ཚོ་དང་མི་མང་གི་ཡུལ་དམག་རྣམས་ཀྱི་ཁར། ཅེག་དམག་དཔུང་གིས་ཀྱང་དྲག་གནོན་ཤུགས་ཆེན་བྱས་ཡོད།

>>>